འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་མ་རྩ་བཏང་ནས་ཉོ་སྒྲུབ་བྱ་རྒྱུའི་གྲོས་གཞིར་འཇར་མན་སྲིད་གཞུང་གིས་ཆོག་
    མཆན་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  ཉིན་ཤས་གོང་འཇར་མན་གྱི་གློག་སྒྲོན་སྒྲིག་ཆས་ཀུང་སི་ཆེ་ཤོས་ཏེ་ཨོའུ་སི་ལང་ཀུང་སིའི་མགྲིན་ཚབ་པས་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་དཔལ་འབྱོར་པུའུ་ཡིས་ཀྲུང་གོའི་ནོར་དོན་ཚོགས་པས་ཉོ་སྒྲུབ་བྱས་པའི་ཨོའུ་སི་ལང་ཀུང་སིའི་གཤམ་འོག་གི་གློག་སྒྲོན་སྤུས་རྟགས་ལང་ཏེ་དབན་སིར“ཉེན་མེད་ལག་ཁྱེར”སྤྲད་པ་རེད།
         འཇར་མན་གྱི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མན་དཔལ་འབྱོར་པུའི་མགྲིན་ཚབ་པས“ཉེན་མེད་ལག་ཁྱེར”སྤྲད་པ་དེ་ཐོག་ནས་འཇར་མན་སྲིད་གཞུང་གིས་ཉོ་སྒྲུབ་ཀྱི་གྲོས་གཞིར་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་འཇན་མན་གྱི་སྤྱི་པའི་སྒྲིག་ལམ་དང་བདེ་འཇགས་ལ་གནོད་པའི་ཁུངས་སྣེ་ཤེས་མེད་པ་གསལ་བཤད་ཐུབ་ཡོད་ཅེས་བཤད།
         ན་ནིང་ཟླ་བ་བདུན་པའི་ཟླ་མཇུག་ཏུ་ཨོའུ་སི་ལང་ཀུང་སིའི་ལྟ་ཞིབ་ལྷན་ཚོགས་ཀྱིས་ཀྲུང་གོའི་ནོར་དོན་ཚོགས་པས་ལང་ཏེ་དབན་སི་ཉོ་སྒྲུབ་བྱ་རྒྱུའི་གྲོས་འགོ་དེར་ཆོག་མཆན་སྤྲད་ཅིང་། ཉོ་སྒྲུབ་ཀྱི་རིན་གོང་ཡོ་སྒོར་དུང་ཕྱུར་བཞི་ལྷག་ཙམ་ཟིན་པ་དང་ཀྲུང་གོའི་ནོར་དོན་ཚོགས་པ་དེ་འཐབ་ཇུས་མ་འཇོག་མཁན་ཡིན་པའི་IDGམ་རྩ་དང་མུ་ལིན་སན་གློག་སྒྲོན་ཀུང་སི་དང་དེ་བཞིན་ནོར་དོན་མ་འཇོག་མཁན་དབྱི་ཝུའུ་གྲོང་ཁྱེར་གཞུང་ཁོངས་མ་རྩ་གཉེར་སྐྱོང་ལྟེ་གནས་བཅས་ལས་གྲུབ་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།