འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གྲོང་བྱང་སྤྱི་བདེ་ཡན་ལག་ཅུས་ཀྱིས་སྐོར་ཞིབ་བྱས་ནས་དུས་བདེ་སྲུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  དཔྱིད་གསར་དུས་ཆེན་རིང་། མཚོ་སྔོན་གྱི་ཟི་ལིང་གྲོང་བྱང་སྤྱི་བདེ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པ་རྣམས་ཀྱིས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ལ། “ཁྲོམ་གཞུང་དུ་སྔོན་འགོག་ཚོད་འཛིན་ཐད་སྐོར་ཞིབ་བྱེད་པ་དང་། ཐོལ་བྱུང་ལས་འཛོལ་ཉེན་སེལ་གནོད་སྐྱོབ་བྱེད་ཀྱི་ཡོད”ཅེས་གྲོང་བྱང་ཆུས་སྤྱི་བདེ་ཅུས་ཀྱི་ཆབ་སྲིད་ཨུ་ཡོན་མ་ཡུས་ཀྱིས་བརྗོད་ཅིང་། ཁོང་གིས་ལས་བྱེད་ཉེན་རྟོག་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོ་དང་། ཉེན་བརྡ་འབྱོར་ཚེ་ལམ་སེང་སྐྱོད་པ་དང་འཕྲལ་མར་ཐག་གཅོད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།
        གྲོང་བྱང་ཆུས་སན་ཆི་མངགས་གཏོང་ཁང་གི་བདེ་འཇགས་བཅོས་སྐྱོང་གི་འགོ་འཛིན་ལི་ཤན་ཉིང་གིས་གཞུང་ལས་ཁང་དུ་ཉེན་རྟོག་པའི་བཀའ་ལན་ཐག་གཅོད་བྱས་ཚུལ་ལ་བལྟས་མ་ཐག་ཆུ་ཁོལ་ཡང་འཐུང་ཁོམ་མེད་པར་ལས་བྱ་མི་དམངས་ཉེན་རྟོག་པ་ཁྲིད་ནས་ཟི་ལིང་གི་ཐེ་ཀང་དང་ཟི་ལིང་ཐེ་ཀང་གི་རྒྱབ་རིར་སྐོར་ཞིབ་བྱེད་པར་བསྐྱོད། ཁོང་གིས“དཔྱིད་གསར་དུས་ཆེན་རིང་། ཕྱག་མཆོད་བྱེད་མཁན་མང་པོ་འདུག ང་ཚོས་རི་མགོར་སྐོར་ཞིབ་བྱེད་དུས་མང་ཚོགས་ལ་དགུན་དུས་གང་སར་སྐམ་ཤས་ཆེ་བ་དང་ནགས་ཤིང་ལ་མེ་ཟོན་ཤོར་སླ་བའི་ཤེས་བྱ་འགྲེལ་བཤད་རྒྱག་གི་ཡོད་ལ། གནས་ཚུལ་གྲལ་བཤེར་བྱས་ནས་མེ་སྐྱོན་སྔོན་འགོག་ནུས་ལྡན་ཡང་བྱེད་ཀྱི་ཡོད”ཅེས་བཤད།
        “ང་ཚོས་ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོའི་སྒོ་ནས་ལོ་གསར་གནམ་གང་གི་བདེ་འཇགས་ལས་འགན་ལེགས་སྒྲུབ་བྱས་ཡོད་ལ། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས”ཞེས་མི་དམངས་ཉེན་རྟོག་པ་བཀྲ་ཤིས་དབང་ཕྱུག་གིས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།