འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཕྱོགས་བཞི་ཡི་ཐད་ནས་རྨོ་ཞིང་གི་སྤུས་ཚད་འཛུགས་སྐྱོང་ལ་ཤུགས་སྣོན་
    རྒྱག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས ་《རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་དང་བཟུང་གསབ་དོ་སྙོམས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་ནས་རྨོ་ཞིང་གི་གྲངས་འབོར་དང་། སྤུས་ཚད། སྣོད་བཅུད་བཅས་ཀྱི“ཕྱོགས་གསུམ་གཞི་གཅིག”སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད་པ་རེད། ཞིང་ལས་པུའི་པུའུ་ཀྲང་གཞོན་པ་ཡུས་ཤིན་རུང་གིས་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྨོ་ཞིང་གི་རྒྱ་ཁྱོན་སྲུང་སྐྱོང་བྱེད་མགྱོགས་སུ་བཏང་ནས་གཞི་རྩའི་ཡུན་གནས་ས་ཞིང་གཏན་འཁེལ་བྱེད་པ་དང་དུས་མཚུངས་རང་རྒྱལ་གྱིས་ཕྱོགས་4ཡི་ཐད་ནས་རྨོ་ཞིང་གི་སྤུས་ཚད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་རེད་ཅེས་བཤད།
         ཡུས་ཤིན་རུང་གིས་དུས་བབ་གསར་པའི་འོག་གི་འབྲུ་རིགས་བདེ་འཇགས་འཐབ་ཇུས་མངོན་འགྱུར་ཡོང་བར་རྨོ་ཞིང་སྲུང་སྐྱོང་བྱེད་རྒྱུ་རྩ་བ་རེད། མིག་སྔར་རང་རྒྱལ་གྱི་རྨོ་ཞིང་སྤུས་ཚད་སྤྱིའི་ཆ་ནས་མཐོ་པོ་མེད་པ་དང་རྨོ་ཞིང་ཁག་གཅིག་ཞན་དུ་འགྲོ་བཞིན་ཡོད་པས་འབྲུ་རིགས་དང་ཞིང་ཟོག་ཐོན་སྐྱེད་ཀྱི་དགོས་མཁོ་ད་དུང་སྐོང་ཐུབ་ཀྱི་མེད། རྨོ་ཞིང་སྲུང་སྐྱོང་ལ་གྲངས་འབོར་དང་། སྤུས་ཚད། སྣོད་བཅུད་བཅས་ཀྱི་ཐད་གནོན་ཤུགས་སྣ་ཚོགས་ཕྲད་ཡོད་ཅེས་བཤད།
         ཁོང་གིས་རྨོ་ཞིང་སྲུང་སྐྱོང་བྱེད་རྒྱུ་ནི་གཙོ་བོ་རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད་ཀྱི་དམར་ཐིག་གཉིས་དམ་པོ་བསྲུངས་ནས་གཞི་ཁྱོན་ཆེན་པོས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱས་ཏེ་རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་ཐོག་རྨོ་ཞིང་ཞན་འགྱུར་བཀག་འགོག་དང་རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་དགོས། ལྷག་དོན་དུ་སྤུས་ཚད་མཐོ་ཤོས་ཀྱི་རྨོ་ཞིང་གཞི་རྩའི་ཡུན་གནས་ས་ཞིང་དུ་ཕྱེ་ནས་ཡུན་རིང་སྲུང་སྐྱོང་དང་རྒྱུན་མཐུད་བེད་སྤྱོད་བྱེད་དགོས་ཞེས་བསྟན་པ་རེད།
        རྨོ་ཞིང་གི་སྤུས་ཚད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་སླད་ཕྱིན་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་སྔར་བས་བྱེད་རྒྱུ་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་4.03བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར་5900ལྷག་ཙམ་བཏང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་6000ཙམ་བཏང་ནས་ས་ཞིང་བཅོས་སྒྲིག་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྤྱི་ཚོགས་ཀྱི་མ་དངུལ་ཞུགས་རྒྱུར་ཡར་སྐུལ་བྱེད་རྒྱུ་ཡིན་པ་རེད།
        དེ་དང་ཆབས་ཅིག ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དང་ལྷག་དོན་དུ་འདེབས་ལས་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་རེད། ཞིང་ཟོག་ཐོན་ཡུལ་སྲུང་སྐྱོང་བྱེད་རྒྱུ་རེད་ལ་རྫས་ལུད་དང་ཞིང་སྨན་སྤྱོད་ཚད“མི་འཕར་བའི”བྱ་སྤྱོད་སྤེལ་ནས་2020ལོར་སླེབས་སྐབས་རྫས་ལུད་དང་ཞིང་སྨན་སྤྱོད་རྒྱུ་མིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།