འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་བརྒྱབ་པའི་ས་ཡོམ་ལ་མི་ཤི་རྨས་བྱུང་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་གྱི་ཆུ་ཚོད་18དང་སྐར་མ་07ལ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་ས་ཡོམ་རིམ་པ་5.0བརྒྱབ་པ་དང་། གསར་འགོད་པས་འབྲོང་པ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱས་པར། མིག་སྔར་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རྒྱུན་གཏན་ལྟར་ཡིན་པ་དང་མི་ཤི་རྨས་ཀྱི་སྙན་ཞུ་གནས་སྐབས་འབྱོར་མེད་པ་རེད།
         འབྲོང་པ་རྫོང་གི་རྫོང་དཔོན་གཞོན་པ་ཝུའེ་ཤིན་ཚེ་ཡིས་གྲལ་བཤེར་བྱས་པ་བརྒྱུད་ཡོམ་ལྟེ་ནི་འབྲོང་པ་རྫོང་ལུང་དཀར་ཤང་དང་སྐེ་ལ་ཤང་འབྲེལ་མཚམས་ཀྱི་བ་ལུང་མཚོའི་སར་ཡིན་པ་དང་། དེ་ནི་ལུང་དཀར་ཤང་གི་འབྲོག་པའི་དབྱར་དུས་ཀྱི་རྩྭ་ར་ཞིག་ཡིན་ཞིང་། དེ་ནས་འབྲོང་པ་རྫོང་བར་ཡངས་གྲོང་རྡལ་དབར་ལ་སྤྱི་ལེ་4ཡོད་པ་རེད། ཡོམ་ལྟེ་ནས་སྤྱི་ལེ་ལྔ་ཡི་རིང་སྐེ་ལ་ཤང་གད་ཆེན་གྲོང་ཚོའི་དབྱར་དུས་ཀྱི་རྩྭ་ར་ཡོད་པ་དང་། ས་ཡོམ་རྒྱག་སྐབས་རྩྭ་ར་གཉིས་སུ་འབྲོག་པའི་དབྱར་དུས་བེད་སྤྱོད་བྱེད་པའི་སྟབས་བདེའི་ལྷས་ར་གཉིས་ལས་གཏན་འཇགས་ཀྱི་ཁང་པ་དང་། མི་སྣ། ཕྱུགས་རིགས་བཅས་གང་ཡང་མེད། ཡོམ་ལྟེ་ནས་ཐག་ཉེ་ཤོས་ཀྱི་དགུན་དུས་ཀྱི་རྩྭ་ར་དེ་སྐེ་ལ་ཤང་དུ་གནས་པ་དང་དེ་ནས་ཡོམ་ལྟེ་བར་སྤྱི་ལེ་95ཡོད་པས། དེར་ཡོམ་ཚོར་མངོན་གསལ་དོད་པོ་མེད་ཅེས་ཁ་པར་བརྒྱུད་ནས་གསར་འགོད་པར་བཤད་བྱུང་།
         ཝུའེ་ཤིན་ཚེ་ཡིས་རྫོང་སྲིད་གཞུང་གིས་རྫོང་ཁོངས་ཀྱི་ཤང་དང་གྲོང་རྡལ་ཁག་ལ་འབྲེལ་གཏུགས་བྱས་པ་ཡིན། ས་ཡོམ་རྒྱག་སྐབས་རྫོང་དེའི་ཤང་དང་གྲོང་རྡལ་13ལ་ཡོམ་ཚོར་མངོན་གསལ་དོད་པོ་བྱུང་མི་འདུག་ཅེས་བཤད།
         ས་ཡོམ་ལས་ཧོར་པ་ཤང་ནས་ལུང་དཀར་ཤང་བར་གྱི་ཧོར་ལུང་གཞུང་ལམ་ལ་ཤུགས་རྐྱེན་ཐེབས་པ་དང་། གཞུང་ལམ་དང་དབྱར་དུས་རྩྭ་རའི་ལྷས་རར་གཏོར་སྐྱོན་ཕོག་ཚུལ་ད་དུང་དཔྱད་བཤེར་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།