འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་གྱི་དཀོན་མཆོག་ཚེ་རིང་སོགས་ལ་《སྐར་འོད་ལམ་ཆེན་》2016
    ལོའི་མཐའ་བསྡུར་གྱི་ཨང་དང་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 《སྐར་འོད་ལམ་ཆེན་》2016ལོའི་ལོ་འཁོར་གྱི་མཐའ་བསྡུར་ཉེ་ཆར་གྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་དང་པོའི་ཐོག་བསྟན་ཅིང་། མཚོ་སྔོན་ཡུལ་ཤུལ་ནས་ཡིན་པའི་དཀོན་མཆོག་ཚེ་རིང་དང་ཧྲེན་དབྱང་ནས་ཡིན་པའི་ལི་ཀོང་ལ་ཨང་དང་པོ་ཐོབ་སྟེ། ཁོང་གཉིས་པོའང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་ལ་ཞུགས་པ་རེད།
         ལོ་འཁོར་གྱི་མཐའ་བསྡུར་ལ་བདམས་ཐོན་པ་8ཡོད་ཅིང། འགྲན་བསྡུར་ཐེངས་གསུམ་བྱས་པ་བརྒྱུད། དཀོན་མཆོག་ཚེ་རིང་གིས་《ཁྱེད་ཉིད་ཁོ་མོར་དེ་ལྟར་བརྩེ་》ཞེས་པ་དང་། 《མཚོ་བོད་ས་མཐོ་》 《བཀྲ་ཤིས་》བཅས་དང་ལི་ཀོང་གིས་《ང་ནི་བྱིའུ་ཕྲུག་ཅིག་ཡིན་》དང་《རྟིང་མཐོའི་ལྷམ་ཁོ་ནར་དགའ+waking by myself》 《 ཀྲུང་གོ་ཆེན་པོ་》བཅས་ལ་བརྟེན་ནས་ཨང་དང་པོ་བླངས་པ་རེད།
         གཞན་ཡང་ཧྲན་ཏུང་ཅའོ་ཀྲོའུ་ནས་ཡིན་པའི་ཕན་ཆན་ཆན་ལ་ལོ་འཁོར་གྱི་ཨང་གཉིས་པ་ཐོབ་པ་དང་། ཧོ་པེའི་རེན་ཆིའུ་ནས་ཡིན་པའི་ཧྥང་ཧྥང་དང་། ཅི་ལིན་ཁྲང་ཁྲུན་ནས་ཡིན་པའི་ཧུང་ཏོའུ་ལ་སོ་སོར་ལོ་འཁོར་གྱི་ཨང་གསུམ་པ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།