འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་བོད་ཀྱི་རྫོང་དང་ཆུས་17གྱི་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱུང་གསལ། 2016ལོར་བོད་ལྗོངས་རྒྱལ་ཁྲལ་ཁོངས་གཏོགས་ཀྱི་ཁྲལ་འབབ་ཁྱོན་སྒོར་དུང་ཕྱུར་259.11ཟིན་པ་དེ་དུས་མཚུངས་ལས་31.9%འཕར་ནས་འབབ་འཕར་སྒོར་དུང་ཕྱུར་62.71ཟིན་ཡོད། དེ་ནི་2012ལོར་ཁྲལ་འབབ་ཀྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་100བརྒལ་རྗེས་ཡང་བསྐྱར་སྒོར་དུང་ཕྱུར་200བརྒལ་ནས་མཆོང་སྐྱོད་ལྟ་བུའི་འབབ་འཕར་བྱུང་བ་ཞིག་རེད།
        དབྱེ་ཞིབ་བྱས་པར་གཞིགས་ན། བོད་ཀྱི་རྫོང་(ཆུས་)17གྱི་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་བ་དང་། ན་ནིང་གི་དུས་མཚུངས་དང་བསྡུར་ན་ཡོང་འབབ་སྒོར་དུང་ཕྱུར་བརྒལ་མཁན་རྫོང་(ཆུས་)ལྔ་མང་དུ་ཕྱིན་ཡོད་པ་རེད། རྫོང་(ཆུས་)དེ་དག་གི་ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར་66.69ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་29.85འཕར་ནས་འཕར་ཚད་81%ཟིན་ཡོད། དེ་བོད་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་49.1མཐོ་བ་དང་། དེས་ལྗོངས་ཡོངས་ཀྱི་ཡོང་འབབ་ཀྱི་བཞི་ཆ་གཅིག་ཟིན་ཡོད་པ་རེད། ཡོང་འབབ་སྒོར་དུང་ཕྱུར་10ཟིན་པའི་རྫོང་གཉིས་སུ་འཕར་བ་སྟེ། སྟག་རྩེ་རྫོང་གི་རྨང་གཞིའི་ཐོག་སྟོད་ལུང་བདེ་ཆེན་ཆུས་གང་དེའི་གྲལ་ཏུ་སླེབས་ནས་རྫོང་ཁོངས་དཔལ་འབྱོར་གྱི་ཁྲལ་བསྡུའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།