འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཞུགས་པའི་ཧིན་རྡུ་ཉི་ཞི་ཡའི་གློག་ཁང་ཆེ་ཤོས་ཀྱི་རྣམ་གྲངས་དངོས་སུ་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན་ཀྲུང་གོའི་ཁེ་ལས་ཀྱིས་མ་འཇོག་དང་འཛུགས་སྐྲུན་ནང་ཞུགས་པའི་ཧིན་རྟུ་ཉི་ཞི་ཡའི་ཁེར་ཕུང་ནས་གློག་འདོན་ཚད་ཆེ་ཤོས་ཀྱི་མེ་ཤུགས་གློག་ཁང་རྣམ་གྲངས་ཀྲོ་ཝ་ཨང་བདུན་པའི་རྣམ་གྲངས་ཀྱི་རྨང་གཞི་འདིང་བའི་རྨང་གཞིའི་ལས་གྲྭའི་འགོ་ཚུགས་མཛད་སྒོ་ཝན་ཏན་ཞིང་ཆེན་ཤི་ལིང་ས་ཁུལ་དུ་འཚོགས་པ་དེ་ཐོག་ནས་རྣམ་གྲངས་དེ་ཉིད་ཨར་ལས་དངོས་སུ་བྱེད་འགོ་ཚུགས་པའི་དུས་འཚམས་སུ་སླེབས་པ་མཚོན་གྱི་ཡོད་པ་རེད།
         ཀྲོ་ཝ་ཨང་བདུན་པའི་རྣམ་གྲངས་ཅིང་ལི་ཀུའུ་ཅུས་ཧོང་གིས་གློག་ཁང་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་20གཏོང་རྒྱུ་དང་ཀྲུང་གོ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དངུལ་བུན་གཏོང་རྒྱུ་རེད། སྔོན་དཔག་བྱས་ན་གློག་ཁང་དེ་2020ལོའི་ལོ་དཀྱིལ་དུ་ཚོང་ལས་གཉེར་སྐྱོང་དངོས་སུ་ཐུབ་རྒྱུ་དང་གཉེར་སྐྱོང་དུས་ཡུན་ལོ་25ཡིན་ཞེས་ངོ་སྤྱོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།