འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་གྱི"གནས་སྐབས་རྩ་ཁྲིམས"ཀྱི་བཟོ་བཅོས་པར་མ་དངོས་སུ་གོ་ཆོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་16ཉིན་ཐེ་ལན་གྱི་རྒྱལ་རྒྱུད་ཀྱིས་སྤྱི་བསྒྲགས་སྤེལ་བའི་ནང་འཁོད་དོན། ཐེ་ལན་གྱི“གནས་སྐབས་རྩ་ཁྲིམས”ཀྱི་བཟོ་བཅོས་པར་མ་དེ་ཉིན་དེ་ནས་བཟུང་དངོས་སུ་གོ་ཆོད་པ་དང་། བཟོ་བཅོས་བརྒྱབ་པའི“གནས་སྐབས་རྩ་ཁྲིམས”གཞིར་བཟུང་། རྒྱལ་པོ་རྒྱལ་ནང་དུ་བསྡད་མེད་པའམ་རྒྱུ་མཚན་གཞན་གྱིས་རྐྱེན་པས་རྒྱལ་དོན་ཐག་གཅོད་བྱེད་མི་ཐུབ་ཚེ། རྒྱལ་པོའི་རེ་འདོད་ལྟར་གནས་སྐབས་རྒྱལ་ཚབ་ཀྱི་འོས་མི་བསྐོ་གཞག་བྱེད་དགོས་པ་མ་ཟད། རྒྱལ་པོ་དང་ཁྲིམས་འཛུགས་གྲོས་ཚོགས་ཀྱི་གྲོས་དཔོན་གྱི་མཉམ་དུ་མིང་རྟགས་འགོད་དགོས་པ་རེད།
         སྤྱི་བསྒྲགས་ནང་འཁོད་དོན། ཚེས་15ཉིན་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་གིས་ཁྲིམས་འཛུགས་གྲོས་ཚོགས་ནས་བཟོ་བཅོས་བརྒྱབ་པའི“གནས་སྐབས་རྩ་ཁྲིམས”ཀྱི་བཟོ་བཅོས་པར་མ་ཚེས་16ཉིན་ནས་གོ་ཆོད་པའི་བཀའ་ཕབ་པ་རེད།
         ཚེས་13ཉིན་ཐེ་ལན་ཁྲིམས་འཛུགས་གྲོས་ཚོགས་ནས་རྩ་ཁྲིམས་བཟོ་བཅོས་དངོས་སུ་རྒྱག་འགོ་ཚུགས་པ་མ་ཟད། རྒྱལ་པོའི་རེ་བ་ལྟར“གནས་སྐབས་རྩ་ཁྲིམས”ཀྱི་ནང་དོན་ལ་བཟོ་བཅོས་བརྒྱབ་རྗེས་རྒྱལ་པོར་ཆོག་མཆན་འགོད་རྒྱུར་འབུལ་དགོས་པ་རེད།
         རྩ་ཁྲིམས་གསར་པར་རྒྱལ་པོའི་ཆོག་མཆན་ཐོབ་ནས་གོ་ཆོད་མ་ཐག པཱ་ཡུས་སྲིད་གཞུང་གིས་ཁས་ལེན་བྱས་པའི་ཆབ་སྲིད་ལམ་ཕྱོཌ་གཞིར་བཟུང་། ཐེ་ལན་གྱིས་2017ལོའི་ལོ་མཇུག་ཏུ་རྩ་ཁྲིམས་གསར་པ་ལྟར་2014ལོའི་སྲིད་འགྱུར་གྱི་རྗེས་ཀྱི་འདེམས་བསྐོ་ཆེན་པོ་ཐེངས་དང་པོ་བྱ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།