འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་འཛུགས་སྐྲུན་ནང་ཞུགས་པའི་ཅི་པོའུ་ཐི་རྒྱལ་སྤྱིའི་རང་མོས་ཉོ་ཚོང་ཁུལ་
    དངོས་སུ་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན་ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་ནང་ཞུགས་པའི་ཅི་པོའུ་ཐི་རྒྱལ་སྤྱིའི་རང་མོས་ཉོ་ཚོང་ཁུལ་གྱི་འགོ་ཚུགས་མཛད་སྒོ་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་ཅི་པོའུ་ཐིའི་རྒྱལ་ས་ཅི་པོའུ་ཐི་གྲོང་ཁྱེར་དུ་འཚོགས་པ་དེའི་ཐོག་ནས་ཅི་པོའུ་ཐིས་ས་ཁོངས་ཟོག་འགྲེམས་ལྟེ་གནས་གཏོད་རྒྱུར་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་གྱི་ཡོད་པ་རེད།
        ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་དང་། ཚོང་འགུགས་ཅུས་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧུའུ་ཅན་ཧྭ། ཏ་ལེན་གྲུ་ཁ་ཚོགས་པའི་མི་སྣ། ཅི་པོའུ་ཐིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་དེ་བཞིན་ཅི་པོའུ་ཐི་གྲུ་ཁ་དང་རང་མོས་ཉོ་ཚོང་ཁུལ་དོ་དམ་ཅུས་ཀྱི་དཔོན་རིགས་སོགས་ཉིན་དེའི་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
        ཀའེ་ལའེ་ཡིས། རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱས་པ་བརྒྱུད་ཨ་ཧྥེ་རི་ཁ་དང་། འཛམ་གླིངདབུས་ཤར་ཁུལ། ཡོ་རོབ། ཨེ་ཤེ་ཡ་བཅས་སྦྲེལ་མཐུད་བྱེད་པའི་ཅི་པོའུ་ཐིའི་བར་ཁྱམས་ནུས་པ་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན་པ་མ་ཟད་ད་དུང་ཅི་པོའུ་ཐིའི་དཔལ་འབྱོར་ལའང་སྔར་བྱུང་མྱོང་མེད་པའི་སྐུལ་ཁྲིད་ནུས་པ་ཐོན་རྒྱུ་རེད་ཅེས་གསུངས་པ་རེད།
         ཧུའུ་ཅན་ཧྭས། ཅི་པོའུ་ཐི་རྒྱལ་སྤྱིའི་རང་མོས་ཉོ་ཚོང་ཁུལ་གྱིས་ཁུལ་དེའི་ས་ཁམས་ལེགས་ཆ་དང་གྲུ་ཁའི་མི་མངོན་པའི་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་བྱས་ཏེ་མི་ཤུགས་དང་། མ་དངུལ། བཟོ་གྲྭ་བཅས་སྔར་བས་མང་པོ་ཅི་པོའུ་ཐིར་ཡོང་རྒྱུའི་ཡིད་དབང་བཀུག་ནས། ཅི་པོའུ་ཐི་འདི་ཉིད་ས་ཁོངས་ཀྱི་ཆུ་ཐོག་སྐྱེལ་འདྲེན་ལྟེ་གནས་དང་། ཟོག་འགྲེམས་ལྟེ་གནས། དངུལ་རྩའི་ལྟེ་གནས་བཅས་སུ་འགྱུར་རྒྱུ་རེད་ཅེས་བརྗོད་པ་དང་། ཧུའུ་ཅན་ཧྭས་ངོ་སྤྲོད་བྱས་པར་གཞིགས་ན། ཅི་པོའུ་ཐི་རྒྱལ་སྤྱིའི་རང་མོས་ཉོ་ཚོང་ཁུལ་དེ་2017ལོའི་ལོ་མཇུག་ཏུ་གཞི་རྩའི་ཆ་ནས་སྐྲུན་ཐུབ་རྒྱུ་ཡིན་པ་རེད་ཅེས་གསུངས། 
      

    ཕྱོགས་བསྡུས་གསར་འགྱུར།