འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་དཔྱིད་གསར་དུས་ཆེན་རིང་གློག་འདང་ངེས་
    གཏོང་རྒྱུའི་གྲ་སྒྲིག་ཕྱོགས་ཡོངས་ནས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས། མཚོ་སྔོན་གློག་དྲས་དཔྱིད་གསར་དུས་ཆེན་རིང་གི་གློག་འདང་ངེས་གཏོང་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། ཀུང་སིའི་སྐྱེལ་འདྲེན་ཞིབ་བཤེར་པུའི་ཀྲུའུ་རེན་ཡོན་ཀྲེ་དབྱི་ཡིས“2017ལོའི་དཔྱིད་གསར་དུས་ཆེན་རིང་གློག་འདང་ངེས་གཏོང་བའི་ལས་དོན་ཏན་ཏིག་དང་། ཞིབ་ཚགས། ཡག་པོ་བཅས་བྱས་ནས་གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་དང་གློག་འདང་ངེས་གཏོང་ཆེད། ཀུང་སི་དེས་ཟླ་བ་གཉིས་ཀྱི་སྔ་སྣུར་ནས་གློག་འགན་ལེན་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ཡོད། ཉེ་དུས། ཀུང་སི་དེས་ཆེད་དོན་ལྟ་སྐུལ་ཚོགས་ཆུང་3བཙུགས་ཏེ་དུས་ཡུན་གཟའ་འཁོར་གཅིག་ནང་རིམ་པ་གཉིས་པའི་ཚན་པ་6གི་དུས་འགོའི་གློག་འགན་ལེན་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ནས་གཙོ་གནད་ཐོག་གློག་མཁོ་འདོན་བྱེད་ནུས་དང་གློག་མཁོ་འདོན་གྱི་སྤུས་ཚད་ལ་ཞིབ་བཤེར་བྱས་ཏེ་མི་མངོན་པའི་རྐྱེན་ངན་དང་གནད་དོན་ཤེས་རྟོགས་བྱུང་རྗེས་འཕྲལ་མར་མེད་པ་བཟོས་ཐོག་དཔྱིད་གསར་དུས་ཆེན་རིང་གནད་དོན་གཏན་ནས་མི་ཐོན་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས།
        དབྱེ་ཞིབ་བྱས་ནས་སྔོན་དཔག་བྱས་པར་གཞིགས་ན། 2017ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་མཚོ་སྔོན་གློག་དྲ་ཧྲིལ་པོས་གློག་སྤྱོད་ཀྱི་གློག་ཤུགས་ཐེག་ཚད་མཐོ་ཤོས་ཆན་ཝ་ཁྲི་808ཟིན་རྒྱུ་དང་ཉིན་རེར་གློག་སྤྱོད་ཚད་མཐོ་ཤོས་ཆན་ཝ་ཆུ་ཚོད་ཁྲི་18706ཟིན་ནས་ཉིན་རེར་གློག་ཆན་ཝ་ཆུ་ཚོད་ཁྲི་4545ཙམ་འདང་གི་མེད། དེར་བརྟེན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་གློག་དྲའི་འཁོར་སྐྱོད་དང་གློག་མཁོ་འདོན་བྱེད་ཐབས་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་ཆབས་ཅིག་ཕྱི་ཕྱོགས་ནས་གློག་ཚད་ཉོས་ཏེ་ནུས་ཤུགས་ཡོད་རྒུས་རང་ཞིང་ཆེན་གྱི་མི་སེར་ཚོ་དཔྱིད་གསར་དུས་ཆེན་རིང་གློག་སྤྱོད་པའི་ཐད་སེམས་ཁྲལ་མི་ཡོང་བ་བྱ་རྒྱུ་རེད། གཞན་ཡང་ཟླ་1ཚེས་23ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་ཟླ་2ཚེས་16ཉིན་གྱི་ཆུ་ཚོད་24བར་མཚོ་སྔོན་གློག་དྲས་གློག་དྲ་ཨ་མའི་སྒྲིག་ཆས་ཀྱི་གློག་མཚམས་མ་བཅད་པར་གློག་སྐུད་ཚང་མ་མཐུད་དེ་འཁོར་སྐྱོད་སྲུང་སྐྱོང་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་འཕྲལ་སྡོམ་མྱུར་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྐྱོན་ཤོར་བ་གང་མགྱོགས་བཟོ་བའི་ལམ་སྲོལ་བཙུགས་ཏེ་དཔྱིད་གསར་དུས་ཆེན་རིང་ཆེད་མིས་དུས་མཚམས་གཙོ་བོ་དང་གློག་བསྒྱུར་བྱ་ཡུལ་གཙོ་བོར་སྡོད་བྱ་བྱས་ཏེ་དྲ་མིག་ཅན་གྱི་མྱུར་བཟོའི་ས་ཚུགས་189བཀོད་སྒྲིག་བྱས་པ་དང་རིམ་པ་གཉིས་པའི་མྱུར་སྐྱོབ་དཔུང་ཁག་229བཙུགས་ནས་འཕྲལ་སྡོམ་མྱུར་བཟོ་བྱེད་མཁན་1668དང་། འཕྲལ་སྡོམ་གློག་གཏོང་རླངས་འཁོར་16 གློག་གཏོང་འཕྲུལ་ཆས་116ཚང་མ་དམིགས་སར་འབྱོར་ནས་རིམ་ཁག་མྱུར་བཟོའི་དཔུང་ཁག་གིས་ཉིན་མཚན་བལྟོས་མེད་ངང་ལས་རེས་བྱས་ནས་ཐོལ་བྱུང་གནས་ཚུལ་ཐོན་ཚེ་འཕྲལ་མར་མྱུར་བཟོ་ཐུབ་པ་དང་འཕྲལ་སྡོམ་ཐག་གཅོད་མྱུར་ལ་ནུས་ལྡན་ངང་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།