འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་འདི་ལོ་དབུལ་པོ་མི་ཁྲི་13ཡན་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “སྔོན་དཔག་བྱས་ན། 2016ལོའི་ལོ་མཇུག་ཏུ་སླེབས་སྐབས་དབུལ་པོ་མི་གྲངས་ཁྲི་14.2དབུལ་སྒྲོལ་བྱུང་བ་དང་། གྲོང་ཚོ་(གྲོང་ལྷན་)དབུལ་པོ་912དབུལ་པོའི་གྲལ་ལས་འཕུད་པ། རྫོང་(ཆུས་)དབུལ་པོ་10ཡི་དབུལ་པོའི་ཞྭ་མོ་འཕུད་པའི་ཚད་གཞིར་སླེབས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཐེངས་དང་པོར་རྒྱལ་ཁ་ཐོབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་དབྱིན་ཧྥེན་ཧྲུའེ་ཡིས་ཤོད་ཀྱི་འདུག་ལ། ཁོང་གིས་2017ལོའི་ལྗོངས་ཡོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་གྱི་དམིགས་ཚད་དང་ལས་འགན་གཙོ་བོ་ནི་དབུལ་པོ་མི་ཁྲི་16.3ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ཏེ་དབུལ་པོ་མི་ཁྲི་13ཡན་དབུལ་སྒྲོལ་ཐུབ་པ་བྱེད་པ་དང་། གྲོང་ཚོ་དབུལ་པོ་1705དབུལ་པོའི་གྲལ་ལས་འཕུད་པ། རྫོང་དབུལ་པོ་20ཡི་དབུལ་པོའི་ཞྭ་མོ་འཕུད་པ་བཅས་བྱས་ནས་དབུལ་པོ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་16%ཡན་ཟིན་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
        དབྱིན་ཧྥེན་ཧྲུའེ་ཡིས། 2016ལོའི་ཟླ་2ཚེས་2ཉིན་ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་འཚོགས་ཏེ་ཆ་ལག་ཚང་བའི་ཡིག་ཆ་20ལྷག་ཙམ་བཟོས་ནས་བཏོན་པ་ལས“1+N”གྱི་སྲིད་ཇུས་མ་ལག་ཅིག་ཆགས་ཡོད། འཆར་འགོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པ”ཡི་དབུལ་སྒྲོལ་འགག་སྒྲོལ་འཆར་གཞིག》དངག《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པ”ཡི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་འཆར་གཞི་》སོགས་འཆར་གཞི་30ལྷག་ཙམ་བཀོད་ནས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུར་སྲིད་ཇུས་ཀྱི་འགན་ལེན་བྱས་ཡོད་ལ་བྱ་སྤྱོད་ཀྱི་ཁ་ཕྱོགས་ཀྱང་བསྟན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
        2016ལོར། བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་85.2སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་ལ་རོགས་རམ”གྱི་བྱེད་སྒོ་སྤེལ་ཞིང་། “10·17”དབུལ་སྐྱོར་ཉིན་མོའི་བྱེད་སྒོ་སྤེལ་བའི་སྐབས་དང་བསྟུན་ཏེ་ཁེ་ལས་88སྒྲིག་འཛུགས་དང་སྐུལ་སློང་བྱས་པ་བརྒྱུད། ཁེ་ལས་ཀྱིས་དངུལ་སྒོར་ཁྲི་2500ལྷག་ཙམ་ཞལ་འདེབས་བརྒྱབ་པ་དང་། ས་ཁུལ་(གྲོང་ཁྱེར་)བདུན་གྱིས་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་སྣ་ཚོགས་སྐུལ་སློང་བྱས་པ་བརྒྱུད། ཞལ་འདེབས་སྒོར་ཁྲི་3000ལྷག་ཙམ་བརྒྱབ་ཡོད། རང་ལྗོངས་ཀྱིས་ད་དུང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་422ལྷག་ཙམ་དོན་འཁྱོལ་བྱས་པ་དང་། ལྗོངས་ཡོངས་སུ་རྒྱལ་ཡོངས་ཀྱི་དབུལ་སྐྱོར་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་པ། ཁ་གཏད་བོད་སྐྱོར་མ་དངུལ་80%ཡན་དམངས་འཚོ་ལེགས་གཏོང་དང་དབུལ་སྒྲོལ་འགག་སྒྲོལ་ཐད་སྤྱད་ཡོད་ཅེས་དབྱིན་ཧྥེན་ཧྲུའེ་ཡིས་ངོ་སྤྲོད་བྱས་པ་རེད།
         དབྱིན་ཧྥེན་ཧྲུའེ་ཡིས“སུ་ལ་རོགས་སྐྱོར་བྱེད་དགོས་པ་དང་། སུ་ཡིས་རོགས་སྐྱོར་བྱེད་དགོས་པ། རོགས་སྐྱོར་ཇི་ལྟར་བྱེད་དགོས་པ། དབུལ་པོའི་གྲལ་ནས་ཇི་ལྟར་འཕུད་དགོས་པ”བཅས་ཀྱི་གནད་དོན་ཆེན་པོ་བཞིར་དམིགས་ཏེ“གནད་སྨིན”ལ་ཤུགས་བརྒྱབ་ནས་ཡིག་ཚགས་བཟོས་པ་དང་གཱ་སྤྲད་པའི་ཁྱོན་དུད་ཚང་དབུལ་པོ་148695དང་མི་588711གསལ་འབྱེད་བྱས་ཡོད། དབུལ་པོ་མི་གྲངས་ཁྲི་59ལ་དམིགས་ཏེ“ཁག་གཅིག་བྱས་པ་ལྔ”ཡི་འདུ་འགོད་ལག་ལེན་བསྟར་བ་དང་། ཤང་དང་གྲོང་ཚོ་དབུལ་པོར་དམིགས་ཏེ“མཐོར་གཏོང་རྣམ་གྲངས་བཅུ”ཡི་འདུ་འགོད་ལག་ལེན་བསྟར་བ། ཡིག་ཚགས་བཟོས་པ་དང་གཱ་སྤྲད་པའི་དུད་ཚང་དབུལ་པོ་བརྒྱུད་ཕྱོགས་13ནས་དབུལ་པོ་ཆགས་རྐྱེན་དབྱེ་ཞིབ་དང་བཙལ་ཏེ“གང་ལ་གང་འཚམ་གྱི་ལས་དོན་ཇུས་གཞི་ཁྱབ་གདལ་བཏང་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།