འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་མྱོང་རོལ་བྱེད་པའི་འགྲེམས་སྟོན་དེ་ཁྭ་ལ་ལུམ་ཕུར་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་འགོ་འཁྲིད་པའི་ཀྲུང་གོ་མྱུར་བགྲོད་ལྕགས་ལམ་མཉམ་འབྲེལ་སྒྲིག་གཞིས་ཁྭ་ལ་ལུམ་ཕུར་དུ་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་མྱོང་རོལ་བྱེད་པའི་འགྲེམས་སྟོན་བྱས་ཤིང་། དེའི་དམིགས་ཡུལ་ནི་མ་ལེ་ཞི་ཡ་ནས་སིང་ཀ་ཕོར་བར་གྱི་མྱུར་བགྲོད་ལྕགས་ལམ་འོས་སྐུལ་བྱེད་པའི་མཚམས་དེར་སྤྱི་དམངས་ལ་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་ཉམས་མྱོང་དང་གྲུབ་འབྲས་ངོ་སྤྲོད་བྱ་རྒྱུ་དེ་རེད།
         མ་ལེ་ཞི་ཡའི་སྐམ་ལམ་སྤྱི་སྤྱོད་འགྲིམ་འགྲུལ་ཨུ་ལྷན་གྱི་ཀྲུའུ་ཞི་སའེ·ཧ་སྨི་ཏེ་ཡིས་འགྲེམས་སྟོན་འགོ་ཚུགས་པའི་མཛད་སྒོའི་ཐོག་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གཉེར་སྐྱོང་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་དགོས་པ་ཞིག་འདུག མ་ལེ་ཞི་ཡའི་དམངས་ཚོགས་ཀྱིས་གོ་སྐབས་དེ་སྤྱད་ནས་གང་འདྲ་བྱས་ཏེ་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་སླེབས་པ་མྱོང་རོལ་བྱེད་དགོས་ཞེས་བཤད་པ་རེད།
         ཀྲུང་གོ་ལྕགས་ལམ་རྒྱལ་སྤྱིའི་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དབྱང་ཀྲུང་མིང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོ་མྱུར་བགྲོད་ལྕགས་ལམ་ཚོགས་པར་མ་ལེ་ཞི་ཡ་ནས་སིང་ཀ་ཕོར་བར་གྱི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ལ“ཆེས་སྔོན་ཐོན་དང་། ཆེས་བྱང་ཆུབ་པ། ཆེས་བདེ་འཇགས་ལྡན་པའི་ཐག་གཅོད་ཇུས་གཞི”ཞིག་མཁོ་འདོན་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
         འགོ་འཛུགས་གྲབས་ཡོད་པའི་མྱུར་བགྲོད་ལྕགས་ལམ་འོས་སྐུལ་ལས་དོན་ཐད་དབྱང་ཀྲུང་མིང་གིས་ཀྲུང་གོ་མྱུར་བགྲོད་ལྕགས་ལམ་མཉམ་འབྲེལ་སྒྲིག་གཞིས་ཞིབ་ཅིང་ཕྲ་བའི་ལག་རྩལ་ཇུས་གཞི་དང་དཔལ་འབྱོར་དབྱེ་ཞིབ་སྟོན་གྲངས་བཏོན་ནས་འོས་དཔོད་ལས་དོན་ལ་གྲ་སྒྲིག་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་རྩོད་ནང་ཞུགས་པའི་མཉམ་འབྲེལ་སྒྲིག་གཞིའི་ཁྲོད་ད་དུང་ཀྲུང་གོ་ལྕགས་ལམ་དང་། ཀྲུང་གོ་ཀྲུང་ཁྲེ། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན། ཀྲུང་གོ་ལྕགས་ལམ་འཕྲིན་གཏོང་བརྡ་རྟགས་སོགས་ཚུད་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།