འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལ་རྒྱལ་ཁབ་དབུས་རྒྱུད་དུ་རིམ་པ་5ཡན་གྱི་ས་ཡོམ་བསྟུད་མར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དབྱི་ཐ་ལ་རྒྱལ་ཁབ་དབུས་རྒྱུད་དུ་རིམ་པ་5ཡན་གྱི་ས་ཡོམ་བསྟུད་མར་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན་གྱི་སྔ་དྲོར་དབྱི་ཐ་ལི་རྒྱལ་ཁབ་ཀྱི་དབུས་རྒྱུད་ས་ཁུལ་དུ་རིམ་པ་5ཡན་གྱི་ས་ཡོམ་བསྟུད་མར་ཐེངས་3བྱུང་ཞིང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་བྱུང་བའི་སྙན་ཞུ་འབྱོར་མེད་པ་རེད།
         དབྱི་ཐ་ལའི་རྒྱལ་ཁབ་སའི་གོ་ལའི་དངོས་ལུགས་དང་མེ་རི་ཞིབ་འཇུག་ཁང་གི་ཆ་འཕྲིན་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས་18ཉིན་གྱི་ཆུ་ཚོད་10དང་སྐར་མ་25ཐོག(པེ་ཅིང་གི་དུས་ཚོད་ཚེས་18ཉིན་གྱི་ཆུ་ཚོད་17དང་སྐར་མ་25)དབྱི་ཐ་ལི་རྒྱལ་ཁབ་ཀྱི་དབུས་རྒྱུད་ས་ཁུལ་དུ་ས་ཡོམ་རིམ་པ་5.3བྱུང་བ་རེད། ཐེངས་འདིའི་ས་ཡོམ་ལྟེ་བ་ནི་ཨ་པུའུ་ལུའུ་ཙུའོ་ཁུལ་ཆེན་གྱི་ལ་ཁུའེ་ལ་རུ་ཡིན་ཞིང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་9ཡོད་པ་རེད། དེའི་རྗེས་ཀྱི་ས་གནས་དེ་གའི་དུས་ཚོད་ཆུ་ཚོད་11དང་སྐར་མ་14ཐོག་དང་ཆུ་ཚོད་11དང་སྐར་མ་25སོ་སོར་ས་ཁུལ་དེ་ཉིད་དུ་ས་ཡོམ་རིམ་པ་5.4དང་5.3བྱུང་བ་རེད།
         རྒྱལ་ས་རོ་མ་གྲོང་ཁྱེར་ཁོངས་སུ་གནས་པའི་ལ་ཆི་ཨའོ་ཁུལ་ཆེན་དང་། ཨ་པུའུ་ལུའུ་ཙུའོ་དང་མར་ཁའེ་ཁུལ་ཆེན་ཚུད་པ་ཚང་མར་ཡོམ་ཚོར་ཡོད་པ་རེད། ས་ཡོམ་བྱུང་བའི་རྗེས་སུ། རོ་མ་གྲོང་ཁྱེར་གྱིས་ས་འོག་ལྕགས་ལམ་གལ་ཆེན་གཉིས་སུ་མེ་འཁོར་གཏོང་མཚམས་བཞག་པ་དང་། སློབ་གྲྭ་འབྲིང་ཆུང་འགའ་ཤས་ཀྱིས་གནས་སྐབས་སློབ་མཚམས་བཞག་པ་རེད། རོ་མ་གྲོང་ཁྱེར་དང་གནོད་འཚེ་ཕོག་ཁུལ་འབྲེལ་མཐུད་ཀྱི་གཞུང་ལམ་དུའང་མིག་སྔར་རླངས་འཁོར་ཤར་གཏོང་བྱེད་མཚམས་བཞག་པ་རེད།
          ལ་ཁུའེ་ལ་ནི་རོ་མ་གྲོང་ཁྱེར་ཤར་ཕྱོགས་སུ་སྤྱི་ལེ་100ཡོད་སར་གནས་པའི་རིར་ཆགས་གྲོང་ཁྱེར་ཞིག་ཡིན་པ་དང་། 2009ལོར་ལ་ཁའེ་ལར་ས་ཡོམ་རིམ་པ་5.8བྱུང་མྱོང་ཞིང་། དེ་ལས་མི་གྲངས་300ཉེ་བ་རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་ཧ་ལམ་ཁྲི་6ལ་ལོག་སའི་ཁྱིམ་མེད་པར་གྱུར་ལ། རྒྱུ་ནོར་ལའང་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་རེད།
    ༄༅།།དབྱི་ཐ་ལ་རྒྱལ་ཁབ་དབུས་རྒྱུད་དུ་རིམ་པ་5ཡན་གྱི་ས་ཡོམ་བསྟུད་མར་བྱུང་བ།
    ༄༅།།དབྱི་ཐ་ལ་རྒྱལ་ཁབ་དབུས་རྒྱུད་དུ་རིམ་པ་5ཡན་གྱི་ས་ཡོམ་བསྟུད་མར་བྱུང་བ།
    ༄༅།།དབྱི་ཐ་ལ་རྒྱལ་ཁབ་དབུས་རྒྱུད་དུ་རིམ་པ་5ཡན་གྱི་ས་ཡོམ་བསྟུད་མར་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།