འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།འཛིང་གའི་ལས་རིགས་ཀྱི་དཔའ་བོ་སྟེ། རྟ་མགྲིན་དཔའ་ཆེན་རྡོ་རྗེ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འཛིང་གའི་ལས་རིགས་ཀྱི་དཔའ་བོ་སྟེ། རྟ་མགྲིན་དཔའ་ཆེན་རྡོ་རྗེ།
           མི་དམངས་དྲ་བའི་འཕྲིན། ད་ལྟ་རང་ལོ་25རུ་སོན་པའི་བོད་རིགས་གཞོན་ནུ་རྟ་མགྲིན་དཔའ་ཆེན་རྡོ་རྗེ་ནི་མཚོ་སྔོན་ཞིང་ཆེན་འཛིང་གའི་ལུས་རྩལ་ལྷན་ཚོགས་ཀྱི་འཐབ་ར་མདུན་མའི་བདམས་ཐོན་ལུས་རྩལ་པ་ཞིག་ཡིན་ལ། ཁོང་གིས་འགྲན་བསྡུར་ཆེ་ཆུང་མང་པོ་ཞིག་གི་ཁྲོད་དུ་བྱ་དགའ་ཨང་དང་པོ་མང་པོ་ཞིག་ལེན་མྱོང་ཡོད་པས། "མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་འཛིང་མི་ཨང་དང་པོ"ཞེས་པའི་སྙན་གྲགས་ཐོབ་ཡོད་པ་རེད།
              ཁོང་གི་ངོ་མཚར་འགྲན་བསྡུར་ཕྱིར་དྲན་ཞིག་བྱས་ན། ཁོང་ནི་ཕལ་ཆེར་འཐབ་ར་ནས་འཐབ་ན་མི་རྒྱལ་བ་ཞིག་མེད་པ་རེད། 2015ལོར། རྟ་མགྲིན་དཔའ་ཆེན་རྡོ་རྗེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་གཙོ་གཉེར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཐོར་འཛིང་ལེགས་སྐྱེས་འགྲན་བསྡུར་གྱི་ལྗིད་ཚད་སྤྱི་རྒྱ་75རིམ་པའི་ཨང་དང་པོ་བླངས་པ་དང་། 2016ལོར། ཁོང་གིས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་གཙོ་གཉེར་དང་མཚོ་སྔོན་ཞིང་དྲག་འཐབ་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི"ཁུ་ནུའི་རྒྱལ་ཕམ་ཐག་གཅོད་དར་ལམ་དཔའ་རྒོད་ཀྱི་འཛམ་གླིང་དྲག་རྩལ་སྐོར་སྐྱོད་འགྲན་བསྡུར"དམར་གཙང་ས་ཚིགས་དང་ཆབ་ཆ་ས་ཚིགས་གཉིས་ཀྱི་ལྗིད་ཚད་75རིམ་པའི་ཨང་དང་པོ་བླངས། 2016ལོའི་ཟླ་4ཚེས་8ཉིན། ཁོང་ལ"ཁུ་ནུའི་རྒྱལ་ཕམ་ཐག་གཅོད་དར་ལམ་དཔའ་རྒོད་ཀྱི་འཛམ་གླིང་དྲག་རྩལ་སྐོར་སྐྱོད་འགྲན་བསྡུར"ཟི་ལིང་ས་ཚིགས་ཀྱི་ལྗིད་ཚད་75རིམ་པའི་ཨང་དང་པོ་ཐོབ་པ་རེད།
              2016ལོའི་ཟླ་དང་པོར། རྟ་མགྲིན་དཔའ་ཆེན་རྡོ་རྗེས་མཚོ་སྔོན་ཞིང་ཆེན་དྲག་འཐབ་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་རྒྱལ་ཁབ་ལུས་རྩལ་ཅུས་དྲག་རྩལ་ལུས་རྩལ་དོ་དམ་ལྟེ་གནས་ནས་གཙོ་གཉེར་བྱས་པའི"ཏ་ཁྲེང་དྲག་རྩལ"ཀྲུང་གོའི་MMAཕྱོགས་བསྡུས་འཛིང་གའི་རིམ་བརྒལ་མཉམ་འབྲེལ་འགྲན་བསྡུར་ལས་ཀོང་ཀྲོའུ་ཀྲུང་ཧྲན་འགྲན་ཁུལ་གྱི་ཨང་དང་པོ་བླངས་པ་རེད། གཟེངས་རྟགས་འདིས་མཚོ་སྔོན་ཞིང་ཆེན་ས་སྐྱེས་ཀྱི་བདམས་ཐོན་པའི་ཕྱོགས་བསྡུས་འཛིངརེ་ལས་རིགས་ཁྲོད་ཀྱི་སྟོད་ཆ་བསྐོངས་པ་རེད།
    ༄༅།།འཛིང་གའི་ལས་རིགས་ཀྱི་དཔའ་བོ་སྟེ། རྟ་མགྲིན་དཔའ་ཆེན་རྡོ་རྗེ།
      

    ཕྱོགས་བསྡུས་གསར་འགྱུར།