འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་འདུ་གཉིས་ཀྱི་པར་རིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཚོགས་འདུ་གཉིས་ཀྱི་པར་རིས།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འཚོག་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཕེབས་པའི་འཐུས་མི་ཚོ་མཉམ་འཛོམས་གནང་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་དང་ཡུན་རིང་བརྟན་གནས་བདེ་འགོད་ཡོང་བར་སྐུལ་སྤེལ་གཏོང་རྒྱུའི་འཆར་གཞི་མཉམ་འགོད་བྱ་རྒྱུ་རེད། ཟླ་1ཚེས་10ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་ལྔ་པའི་ལས་རིགས་ཁག་གིས་མུ་མཐུད་དེ་ཚོགས་ཆུང་བགོས་ནས་གྲོས་བསྡུ་བྱས་པ་རེད། གོང་གི་པར་རིས་ནི་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྐོར་གྱི་སྙན་ཞུ་ལྟ་ཀློག་ནན་ཏན་བྱེད་བཞིན་པ་རེད།
    ཨུ་ཡོན་ཀའོ་ཏ་ཧོང་གིས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་དང་སློབ་གསོའི་ཐད་ཀྱི་གནད་དོན་སྐོར་གཏམ་བཤད་སྤེལ་བ།
    ཨུ་ཡོན་ཀའོ་ཏ་ཧོང་གིས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་དང་སློབ་གསོའི་ཐད་ཀྱི་གནད་དོན་སྐོར་གཏམ་བཤད་སྤེལ་བ།
    འཐུས་མི་ཚོས་གྲོས་བསྡུར་ནན་ཏན་བྱེད་བཞིན་པ།
    འཐུས་མི་ཚོས་གྲོས་བསྡུར་ནན་ཏན་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།