འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གློག་མཁོ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་19ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་དུ་ཁྱབ་བསྒྲགས་བྱས་པའི་《2016ལོའི་རྒྱལ་ཡོངས་ཀྱི་གློག་ཤུགས་བཟོ་ལས་བསྡོམས་རྩིས་མྱུར་འཕྲིན་ཚགས་པར་》ལས་མངོན་པར། 2016ལོར་བོད་ཀྱི་གློག་སྤྱོད་མཁོ་འཕར་ཚད་དུས་མཚུངས་ལས་21.4%འཕར་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། བོད་ལྗོངས་གློག་དྲས་2006ལོར་གློག་འཚོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་41.8ཟིན་ནས་འཕར་ཚད་རྒྱལ་ཁབ་གློག་དྲའི་ཚོང་གཉེར་ཁུལ་གྱི་ཨང་དང་པོར་སླེབས་ཡོད་པ་རེད།
         གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། མཚོ་བོད་དང་ཁྲོན་བོད་ཀྱི“གློག་ཤུགས་མཁའ་ལམ”གཉིས་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་དང་གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་ཐེབས་པར་བརྟེན། བོད་ཀྱི་གློག་སྤྱོད་དགོས་མཁོ་བསྐངས་པ་མ་ཟད། ལྗོངས་ཡོངས་ཀྱི་གློག་དྲའི་གློག་སྤྱོད་ཀྱི་ཐེག་ཚད་མཐོ་ཤོས་ལོ་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
        གློག་མཁོ་ཚད་མང་དུ་ཕྱིན་པ་དེ་ཉེ་བའི་ལོ་ཤས་རིང་བོད་ཀྱིས་གློག་དྲ་འཛུགས་བསྐྲུན་མགྱོགས་སུ་བཏང་བ་ལས་བྱུང་ཞིང་། མིག་སྔར་བོད་ཀྱི་གློག་དྲ་གཙོ་བ་དེ་ལྗོངས་ཡོངས་ཀྱི་རྫོང་(ས་ཁུལ་དང་གྲོང་ཁྱེར་)74ཡི་ཁྲོད་ཀྱི་59ལ་ཁྱབ་ཡོད་པ་དང་གྲོང་གསེབ་ཀྱི་གློག་དྲ་བསྐྲུན་པར་བརྟེན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གློག་སྤྱོད་ནུས་པ་རིམ་བཞིན་ཆེ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད།
        གཞན་ཡང་གློག་ནུས་ཚབ་བྱེད་ལས་གྲྭས་ཀྱང་གློག་སྤྱོད་ཀྱི་དགོས་མཁོ་སྐོང་རྒྱུར་སྐུལ་མ་ཆེན་པོ་ཐེབས་ཤིང་། ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གི་ཐོག་བརྩེགས་ཁང་ཆེན་སོགས་ཚན་པ་མང་པོར་གློག་ཐབ་སྤར་ནས་དྲོད་མཁོ་འདོན་བྱེད་པའི་ལས་གྲྭ་དེ་2016ལོའི་ལོ་སྨད་དུ་དངོས་སུ་འགོ་ཚུགས་ཡོད། བོད་ཀྱིས་ལོ་ཧྲིལ་པོར་ཚབ་བྱེད་ཀྱི་གློག་ཚད་མཁོ་ཚད་དེ་རྒྱལ་ཁབ་གློག་དྲ་ཁྱབ་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པས། གློག་འཚོང་ཚད་མང་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ལ། གངས་ལྗོངས་ས་མཐོའི་གློག་ནུས་ཚབ་བྱེད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའང་མཚོན་ཡོད།
        “ང་ཚོས་གློག་ནུས་ཚབ་བྱེད་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ནས་ལོ་ཧྲིལ་པོར་ཚབ་བྱེད་ཀྱི་གློག་ནུས་ཆན་ཝ་ཆུ་ཚོད་དུང་ཕྱུར་1.42བཏང་སྟེ་གློག་ཚོང་ཚད་མང་དུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། 2016ལོར་བོད་ཀྱི་དཔལ་འབྱོར་འཕར་བའི་མྱུར་ཚད་དེས་གློག་ཤུགས་མཁོ་འདོན་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ‘ལོ་ལྔ་ཚན་བཅུ་གསུམ་པའི’དུས་མཇུག་ཏུ་བོད་དུ་གློག་ཚབ་བྱེད་ཆན་ཝ་ཆུ་ཚོད་དུང་ཕྱུར་10ཟིན་རེ་ཡོད་པས་རྡོ་སོལ་ཏུན་ཁྲི་17.71ཙམ་གྲོན་ཆུང་ཐུབ་རེ་ཡོད”ཅེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཞའོ་མིང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།