འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་རྒྱལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་བསྡོམས་འབོར་དུས་མཚུངས་ལས་
    1.2%ཆག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན་གསར་འགོད་པས་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཡིག་བསྐུར་ངོ་བཅར་ཅུས་ཀྲང་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2016ལོར་རྒྱལ་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་བསྡོམས་འབོར་དུས་མཚུངས་ལས་1.2%ཆག་པ་སྟེ། ཡི་གེ་འབྱོར་ཚད་དུས་མཚུངས་ལས་0.7%ཆག་པ་དང་། ངོ་བཅར་ཁག་ཐེངས་དང་མི་ཐེངས་དུས་མཚུངས་ལས་8.6%དང་12.6%སོ་སོར་ཆག་པ་དང་དྲ་ཐོག་གི་ཡིག་བསྐུར་ངོ་བཅར་དུས་མཚུངས་ལས་106.8%འཕར་ཡོད་པ་རེད།
        “ཡིག་བསྐུར་ངོ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ཡིག་བསྐུར་ངོ་བཅར་གསོག་ཉར་བྱེད་ཚད་ཉུང་དུ་ནུས་ལྡན་གཏོང་དགོས”ཞེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཞོན་པ་རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཅུས་ཀྱི་ཅུས་ཀྲང་ཧྲུའུ་ཞའོ་ཆིན་གྱིས་ཚོགས་འདུའི་ཐོག་དེང་སྐབས་ཀྱི་ཡིག་བསྐུར་ངོ་བཅར་ཁོངས་གཏོགས་ཀྱིས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་ནང་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་། དབྱེ་ཞིབ་དང་ཞིབ་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་བསམ་འཆར་དང་གྲོས་འདོན་བཏོན་པ་དང་འབྲེལ། གཙང་སེལ་དམིགས་ཡུལ་དུ་བྱས་ཏེ་ཡིག་སྐོར་ངོ་བཅར་གྱི་ཕུང་གསོག་ཐེབས་པའི་གྱོད་གཞི་སེལ་རྒྱུར་གཅིག་སྡུད་འགག་སྒྲོལ་བྱས་ནས་ཡིག་བསྐུར་ངོ་བཅར་ཕུང་གསོག་ཐེབས་པའི་གྱོད་གཞི་ཁག་ཁྲི་6.8གྲལ་བཤེར་དང་བསལ་ཡོད། དེ་དང་ཆབས་ཅིག་ཡིག་བསྐུར་ངོ་བཅར་གྱི་དོན་ཚན་ལ་སྤྱི་འདོམས་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་བརྒྱུད། ཡིག་བསྐུར་ངོ་བཅར་ལས་ཀའི་དཔྱད་ཞིབ་བྱེད་སྟངས་ལེགས་སུ་ཕྱིན་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱ་རྒྱུར་ལྟ་སྐུལ་དང་ཁྲིད་སྟོན་བྱེད་དགོས་ཞེས་བརྗོད་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། དྲ་ཐོག་གི་ཡིག་བསྐུར་ངོ་བཅར་ལ་སྐུལ་འདེད་མགྱོགས་མྱུར་ཐེབས་ནས། ཡིག་བསྐུར་ངོ་བཅར་ལས་དོན་གྱི་ཡོངས་བསྒྲགས་ཕྱི་གསལ་ནང་གསལ་དང་ལས་ཆོད་ཆེ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། མིག་སྔར། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་34བཅས་ཀྱིས་རྒྱལ་ཁབ་ཡིག་བསྐུར་ངོ་བཅར་ཆ་འཕྲིན་ཁོངས་གཏོགས་དང་སྦྲེལ་མཐུད་བྱས་པའི་ཁར་ཕན་ཚུན་མཉམ་འབྲེལ་དང་ཐོན་ཁུངས་མཉམ་སྤྱོད་ཐུབ་ཡོད། གཞན་ཡང་ཡིག་བསྐུར་ངོ་བཅར་ཁོངས་གཏོགས་ཀྱི་སྐད་འཕྲིན་སྤྱི་རྟགས་དང་ལག་ཐོགས་ཁ་པར་གྱི་དུད་སྣེ་བཙུགས་པས། མང་ཚོགས་ཀྱི་རེ་ཞུའི་འགྲོ་ལུགས་སྟབས་བདེ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།