འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་གིས་གཞན་བརྟེན་དང་རང་བརྟེན་ཟུང་འབྲེལ་བྱེད་ཐབས་
    ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ཏན་ཏིག་བསྒྲུབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་ཡོད་ལ། ཀྲོའུ་དེ་མཚོ་བོད་ས་མཐོའི་ཤར་སྒོ་ལྟ་བུ་རེད། བྱང་དུ་མཚོ་སྔོན་པོ་དང་། ལྷོར“མ་ཡུམ་ཆུ་བོ”རྨ་ཆུ། ཤར་དུ་རི་བོ་ཉི་ཟླ། ནུབ་ཏུ་མཚོ་སྔོན་ལྷོ་རྒྱུད་ཀྱི་བོད་རིགས་ས་ཁུལ་བཅས་དང་འབྲེལ་ཡོད། 2015ལོར་གནད་སྨིན་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ་བརྒྱུད། གསེར་ཆེན་རྫོང་གིས་ཁྱོན་ཚད་གཞི་གསར་པའི་གྲོང་ཚོ་དབུལ་པོ་40དང“ཚད་གཞི་གཉིས་གཞི་གཅིག་ཏུ་སྒྲིལ་བའི”ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་4858ཀྱི་མི་14177དབྱེ་འབྱེད་བྱས་པ་དང་། རྫོང་དང་གྲོང་ཚོའི་གནས་བབ་དང་ཟུང་འབྲེལ་བྱས་ནས་མེ་ཏོག་ལུང་པ་གོང་མ་དང་ཧར་རྒན་ཚུད་པའི་གྲོང་ཚོ་དབུལ་པོ་6དབུལ་སྒྲོལ་བྱས་ནས་མི་འབོར་དབུལ་པོ་360ཉུང་དུ་གཏོང་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་པ་རེད།
            ཤེས་རྟོགས་བྱུང་བ་ལྟར་ན། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལ་སྐུལ་འདེད་སྔར་བས་ཡག་པོ་གཏོང་ཆེད། གསེར་ཆེན་རྫོང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་གང་ལེགས་སྤྱད་དེ་ཆུ་གློག་ལམ་གསུམ་དང་སྡོད་ཁང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་དེ་སྔའི་བུ་ལོན་དང་དབུལ་ཕོངས་ཀྱི“ཞན་ཆ”གསབ་པ་དང་། དེ་རྗེས་འགོ་ཁྲིད་ཚོགས་ཆུང་གིས་ད་དུང“གནད་སྨིན”ལ་ཤུགས་སྣོན་དང་མཐའ་ཚད་བརྟན་སྲུང་བྱས་ནས་དུད་ཚང་དབུལ་པོ་གནད་སྨིན་དབྱེ་འབྱེད་དང་། དབུལ་སྐྱོར་མ་དངུལ་གནད་སྨིན་བེད་སྤྱོད། དབུལ་སྐྱོར་རྣམ་གྲངས་གནད་སྨིན་ལག་བསྟར། དབུལ་སྒྲོལ་འཆར་གཞི་གནད་སྨིན་འཆར་འགོད། དབུལ་སྒྲོལ་ཕན་འབྲས་གནད་སྨིན་ལེན་པ་བཅས་གོ་རིམ་ལྔ་བཏོན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ཏན་ཏིག་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལས་རྣམ་པར་རྒྱལ་བ་རེད།
           གཞན་ཡང་། 2016ལོར་ཐོན་ལས་ཅན་གྱི་དབུལ་སྐྱོར་དེ་གསེར་ཆེན་རྫོང་གི་དབུལ་སྐྱོར་འགག་སྒྲོལ་བྱེད་ཐབས་གཙོ་བོར་བཟུང་ནས་གྲོང་ཚོ་དྲུག་ཏུ་དབུལ་སྐྱོར་རྣམ་གྲངས་74སྔ་རྗེས་སུ་ལག་བསྟར་བྱས་པ་དང་། “ཁེ་ལས་ཀྱིས་རྟེན་གཞིར་སྐུལ་ཁྲིད་དང་། རྟེན་གཞིས་ཐོན་ལས་ལ་སྐུལ་ཁྲིད། ཐོན་ལས་ཀྱིས་ཞིང་འབྲོག་དུད་ཚང་ལ་སྐུལ་ཁྲིད་བཅས་བྱེད་པའི”བསམ་ཕྱོགས་ལྟར་གཞན་བརྟེན་རྣམ་པའི་དབུལ་སྐྱོར་དང་རང་བརྟེན་རྣམ་པའི་དབུལ་སྐྱོར་གཉིས་ཕན་ཚུན་ཟུང་འབྲེལ་བྱས་པ་དཔེར་ན། ཧར་རྒན་གྲོང་ཚོའི་ས་ཆ་མུའུ་1182མུའུ་རེར་སྒོར་460བྱས་ནས་མཚོ་སྔོན་ཉིང་ཧོང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིར་འགན་གཙང་སྤྲད་དེ་གྲོང་ཚོ་ཡོངས་ཀྱིས་འདྲེ་ཚེར་མའི་འདེབས་ལས་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་དང་སྐུལ་ཁྲིད་བྱས་པ་དང་། ས་ཆ་འགན་གཙང་བླངས་པའི་དངུལ་སྤྲད་པའི་རྨང་གཞིའི་ཐོག་ལོ་མཇུག་ཏུ་དུད་ཚང་དབུལ་པོ་ཚོར་སྒོར་1000རེ་སྤྲད་པ་དང་། གཞན་ཡང་ཧར་རྒན་གྲོང་ཚོའི་དུད་ཚང་དབུལ་པོར་ལས་གནས་མཁོ་འདོན་བྱས་ནས་ཁོང་ཚོར་ཡོང་འབབ་བརྟན་པོ་བྱུང་བ་ལྟ་བུ་རེད།
           “འདྲེ་ཚེར་མ་འདེབས་པ་ལས་གཞན་ང་ཚོས་ད་དུང་ཨུཏྤལ་དང་ཤིང་མངར་སོགས་ཀྱི་འདེབས་འཛུགས་ལས་སྣོན་ཁེ་ལས་ཀྱང་ནང་འདྲེན་བྱས་ནས་ཀུང་སི་+རྟེན་གཞི་+དུད་ཚང་དབུལ་པོ་རྣམ་པ་ལྟར‘ཁེ་ལས་དང་གྲོང་ཚོ་མཉམ་སྐྲུན་དང་། མང་ཚོགས་ལ་འབབ་འཕར། ཁེ་ལས་དང་གྲོང་ཚོ་གཉིས་ཁེའི’དམིགས་ཚད་ལེགས་གྲུབ་བྱུང་ཡོད”ཅེས་གསེར་ཆེན་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་ཝུའུ་པན་གྱིས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།