འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་རང་རྒྱལ་གྱིས་ཕྱི་ཕྱོགས་ནས་མ་དངུལ་བསྡུ་ལེན་བྱེད་ཚད་དུས་མཚུངས་
    ལས་4.1%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན་ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར། ན་ནིང་གི་ཟླ་1ནས་12བར་རང་རྒྱལ་གྱིས་ཕྱི་ཕྱོགས་ནས་མ་དངུལ་བསྡུ་ལེན་བྱེད་པའི་གཞི་ཁྱོན་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་དངོས་སུ་སྤྱད་པའི་ཕྱི་ཕྱོགས་མ་དངུལ་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་8132.2ཟིན་པ་དེ་དུས་མཚུངས་ལས་4.1%འཕར་བ་དང་། རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་27900ཡོད་པ་དེ་དུས་མཚུངས་ལས་5%(དངུལ་ཁང་དང་། འཛིན་ཤོག འགན་བཅོལ་ཁྱབ་ཁོངས་ཀྱི་གཞི་གྲངས་བཅས་ཚུད་མེད)འཕར་ཡོད་པ་རེད།
       ཟླ་12པར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་3545ཡོད་པ་དེ་དུས་མཚུངས་ལས་21.1%འཕར་བ་དང་དངོས་སུ་སྤྱད་པའི་ཕྱི་རྒྱལ་མ་དངུལ་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་814.2ཟིན་པ་དེ་དུས་མཚུངས་ལས་5.7%འཕར་ཡོད་པ་རེད།
        ཚོང་དོན་པུའི་ཕྱི་ཕྱོགས་མ་དངུལ་སིའི་འགན་འཁུར་བས་ཟླ་1ནས་12བར་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་མ་དངུལ་བསྡུ་ལེན་ཐད་གཤམ་གསལ་གྱི་ཁྱད་ཆོས་མངོན་པ་སྟེ།
       ཕྱི་རྒྱལ་ཚོང་པའི་མ་འཇོག་རྒྱུན་སྲིང་ངང་རྩེ་རིམ་ཐོན་ལས་སུ་གཅིག་སྡུད་བྱེད་པའི་རྣམ་པ་ཐོན་ཞིང་། ཞབས་ཞུའི་ལས་རིགས་ཐད་དངོས་སུ་སྤྱད་པའི་ཕྱི་རྒྱལ་མ་དངུལ་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་5715.8ཟིན་པ་དེ་དུས་མཚུངས་ལས་8.3%འཕར་ནས་ཕྱི་རྒྱལ་མ་དངུལ་བསྡོམས་འབོར་གྱི་70.3%བཟུང་ཡོད་པ་རེད།
       བཟོ་སྐྲུན་ལས་རིགས་ཁྲོད་སྨན་དང་སྨན་བཅོས་ཀྱི་བཟོ་སྐྲུན་ལས་རིགས་དང་། སྨན་བཅོས་ཡོ་ཆས་སྒྲིག་ཆས། ཡོ་ཆས་དཔྱད་ཆས་བཟོ་སྐྲུན་ལས་རིགས་བཅས་ཀྱིས་དངོས་སུ་སྤྱད་པའི་ཕྱི་རྒྱལ་མ་དངུལ་བསྡོམས་འབོར་དུས་མཚུངས་ལས་55.8%དང་95%སོ་སོར་འཕར་ཡོད་པ་རེད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་དངོས་སུ་སྤྱད་པའི་ཕྱི་རྒྱལ་མ་དངུལ་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་598.1ཟིན་པ་དེ་དུས་མཚུངས་ལས་2.5%འཕར་ཡོད་པ་རེད།
        ལམ་ལུགས་སྒྱུར་བཅོས་ལས་དངུལ་སྨར་ཡོང་འབབ་རྒྱུན་མཐུད་ངང་འཕར་ཞིང་། ཧྲང་ཧའེ་དང་། ཀོང་ཏུང་། ཐེན་ཅིན། ཧྥུའུ་ཅན་བཅས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་བཞིས་དངོས་སུ་སྤྱད་པའི་ཕྱི་རྒྱལ་མ་དངུལ་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་879.6ཟིན་པ་དེ་དུས་མཚུངས་ལས་81.3%འཕར་བ་དང་ཁྲི་ཆ་ལྔའི་རྒྱལ་ཁབ་ས་ཆའི་གཞི་ཁྱོན་གྱིས་རྒྱལ་ཡོངས་སུ་དངོས་སུ་སྤྱད་པའི་ཕྱི་རྒྱལ་མ་དངུལ་བསྡོམས་འབོར་10.8%ཟིན་ཡོད་པ་རེད།
        ནུབ་རྒྱུད་ས་ཁུལ་གྱིས་ཕྱི་རྒྱལ་མ་དངུལ་བསྡུ་ལེན་བྱེད་ཚད་ཅུང་ཟད་འཕར་ནས་ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཤར་རྒྱུད་ས་ཁུལ་དུ་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ནུབ་རྒྱུད་ས་ཁུལ་དུ་དངོས་སུ་སྤྱད་པའི་ཕྱི་རྒྱལ་མ་དངུལ་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་626.9ཟིན་པ་དེ་དུས་མཚུངས་ལས་1.6%འཕར་བ་དང་། ཤར་རྒྱུད་ས་ཁུལ་དུ་དངོས་སུ་སྤྱད་པའི་ཕྱི་རྒྱལ་མ་དངུལ་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་7047ཟིན་པ་དེ་དུས་མཚུངས་ལས་7.6%འཕར་ཡོད་པ་རེད།
        མ་འཇོག་གཙོ་བོ་ཡོང་སའི་ཁྱབ་ཚུལ་སྣེ་མང་ཅན་ཡིན་ཞིང་། ཨ་རི་དང་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་28དང་། ཨའོ་མོན་དམིགས་བསལ་ཁུལ། ཧན་གོ་བཅས་ཀྱིས་འཕར་ཚད་ཅུང་མཐོ་པོ་རྒྱུན་འཁྱོངས་ཐུབ་པ་དང་རི་པིན་གྱིས་ཀྲུང་གོར་བཏང་བའི་མ་འཇོག་ཆག་པའི་ཁྲོད་བརྟན་དུ་ཕྱིན་པ་དང་ཨ་རི་དང་ཡོ་རོབ་ཀྱིས་ཀྲུང་གོར་མ་འཇོག་བྱ་རྒྱུ་རྒྱུན་མཐུད་ངང་འཕར་ཚད་ཅུང་མགྱོགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།