འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ལུས་རྩལ་ལས་རིགས་ཀྱི་ཕུལ་བྱུང་མི་སྣ་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།2016ལོའི་ལུས་རྩལ་ལས་རིགས་ཀྱི་ཕུལ་བྱུང་མི་སྣ་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་
བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན། 2016ལོའི་ལུས་རྩལ་ལས་རིགས་ཀྱི་ཕུལ་བྱུང་མི་སྣ་ལོ་འཁོར་དཔྱད་འདེམས་བྱ་དགའ་བསྩལ་བའི་མཛད་སྒོ་རྒྱལ་ཁབ་ཆུ་རྐྱལ་ལྟེ་གནས"ཆུ་ཤོ་གཟུགས་ཁང"དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གོའི་ལུས་རྩལ་ལས་རིགས་ཀྱི་མི་སྣ་ཚོ་དགའ་སྤྲོ་ཆེན་པོའི་ངང་མཉམ་འཛོམས་བྱས་པ་དང་། བྱ་དགའ་དག་རེ་རེ་བཞིན་ཁྱབ་བསྒྲགས་བྱས་ཏེ་བསྩལ་ཞིང་། མཐའ་མཇུག་ཏུ་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་ནི་བྱ་དགའ་མང་ཤོས་ཐོབ་མཁན་དུ་གྱུར་ཏེ་ཁྱོན་བསྡོམས་རུ་ཁག་བཟང་ཤོས་དང་། རྩལ་ཁྲིད་པ་བཟང་ཤོས། བུད་མེད་ལུས་རྩལ་པ་བཟང་ཤོས་སོགས་བྱ་དགའ་ཆེན་པོ་4ཐོབ་པ་རེད།
        2016ལོའི་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཐོག ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས་ཞུམ་མེད་ཀྱི་འབད་འཐབ་བྱེད་པར་བརྟེན་ནས་2004ལོའི་ཨ་ཐེན་སི་ཨོ་རྩལ་འགྲན་ཚོགས་ཐོག་ཨང་དང་པོ་བླངས་རྗེས་སླར་ཡང་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ལེན་པའི་སྟེགས་བུར་འཛེགས་པ་རེད། བུད་མེད་ཕེའེ་ཆིའུ་སྤོ་ལོ་རུ་ཁག་གི་སྙིང་སྟོབས་ཀྱིས་རྒྱལ་འབངས་དུང་ཕྱུར་དུ་མར་སེམས་ཤུགས་བསྐྱེད་དུ་བཅུག་པ་རེད། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས་ཀྲུང་གོའི་ཕིང་ཕང་སྤོ་ལོ་རུ་ཁག་དང་། ཀྲུང་གོའི་ཆུ་མཆོང་རུ་ཁག་སོགས་བདམ་འོས་རུ་ཁག་4ལས་རྒྱལ་ནས་རུ་ཁག་བཟང་ཤོས་ཀྱི་བྱ་དགའ་ཐེངས་གསུམ་པ་ཐོབ་པ་རེད། རྩལ་ཁྲིད་པ་གཙོ་བོ་ལང་ཕིང་ལ་རྩལ་ཁྲིད་པ་བཟང་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། འདིའང་ཁོང་ལ་ལོ་གསུམ་བསྟུད་མར་བྱ་དགའ་འདི་ཐོབ་པ་རེད། དེ་དང་ཆབས་གཅིག་ཏུ་ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོ་རུ་ཁག་གིས་ད་དུང་དཔྱད་འདེམས་ཨུ་ལྷན་གྱི་བྱ་དགའ་ཆེན་པོའང་ཐོབ་པས། དེ་ནི་ཀུན་གྱིས་རེ་སྒུག་བྱེད་ས་རེད་ཅེས་ཟེར་ཆོག་པ་རེད། 
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】  【12】
    ༄༅།།2016ལོའི་ལུས་རྩལ་ལས་རིགས་ཀྱི་ཕུལ་བྱུང་མི་སྣ་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་
བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།