འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རྒྱལ་ཡོངས་ཀྱི་འགག་སྒོ་ལས་ཁུངས་ཀྱིས་ཁྲལ་འབབ་ཁོ་ན་མཛོད་འཇུག་བྱེད་ཚད་
    སྒོར་དུང་ཕྱུར་ཁྲི་1.5ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན་། གསར་འགོད་པར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ནས་ཤེས་རྟོགས་བྱུང་བར། 2016ལོར་རྒྱལ་ཡོངས་ཀྱི་འགག་སྒོ་ལས་ཁུངས་ཀྱིས་ཁྲལ་འབབ་ཁོ་ན་མཛོད་འཇུག་བྱེད་ཚད་སྒོར་དུང་ཕྱུར་15388ཟིན་ནས་ན་ནིང་གི་ཁྲལ་འབབ་གཞི་གྲངས་སྒོར་དུང་ཕྱུར་ཁྲི་1.5ལས་2.6%འཕར་ཡོད་པ་རེད་།
        ན་ནིང་རྒྱལ་ཡོངས་ཀྱི་འགག་སྒོ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཉོ་ཚོང་སྟབས་བདེ་ཡོང་རྒྱུར་སྐུལ་འདེད་བཏང་ཞིང་། ལོ་ཧྲིལ་པོར་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་39.8དང་སྐྱེལ་འདྲེན་ཡོ་ཆས་ཁྲི་3381.9ལ་ལྟ་འདོམས་བྱས་པར་0.8%དང་5.2%སོ་སོར་འཕར་ཡོད། ན་ནིང་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་ཡོངས་སུ་འགག་སྒྲོལ་གཞི་གཅིག་ཅན་སྒྱུར་བཅོས་བྱ་རྒྱུ་དོན་འཁྱོལ་བྱས་ནས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་ཚོད་ལྟ་གསར་པ་ཁག་13ལེགས་གྲུབ་བྱུང་བའི་ཉམས་མྱོང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད། ཕྱིར་གཏོང་ནང་འདྲེན་གྱི་རིན་པ་བསྡུ་རྒྱུ་ཕྱོགས་ཡོངས་ནས་གཙང་བཤེར་དང་ཚད་ལྡན་དུ་བཏང་བ་དང་འགག་སྒོའི་སྲིད་འཛིན་རང་བཞིན་གྱི་རིན་པ་བསྡུ་བའི་རྣམ་གྲངས་ཚང་མ་མེད་པ་བཟོས་ཡོད། བྱ་ཐབས་དེ་དག་ལས་ཕྱི་ཕྱོགས་ཚོང་དོན་འཕར་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ནས་ལོ་ཧྲིལ་པོར་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་24.33ཟིན་པའི་ཁྲོད་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་10.49ཟིན་ནས་0.6%འཕར་ཡོད། ནང་འདྲེན་བྱེད་ཚད་བརྟན་པོ་འཕར་བ་དེས་འགག་སྒོའི་ཁྲལ་འབབ་འཕར་རྒྱུར་རྨང་གཞི་བཏིང་ཡོད།
        འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་ཡུས་ཀོང་ཀྲོའུ་ཡིས་2017ལོར་རྒྱལ་ཡོངས་ཀྱི་འགག་སྒོ་ལས་ཁུངས་ཀྱིས་མུ་མཐུད་ནུས་ཤུགས་ཡོད་རྒུས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་འགག་སྒོ་ཡག་པོ་སྲུང་དགོས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་འཕར་རྒྱུ་བརྟན་པོ་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་ལ་དམ་འཛིན་དང་ཕན་འབྲས་དངོས་ཐོན་པ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཁྲིམས་སྐྱོང་འགག་སྒོ་འཛུགས་སྐྲུན་བྱེད་པ། ལས་ཕྱོད་མཐོ་ལ་ནུས་ལྡན་ངང་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ཐོག་ནས་ཁྲལ་བསྡུ་དོ་དམ་བྱ་ཤུགས་ཆེ་རུ་བཏང་སྟེ་2017ལོའི་ཁྲལ་འབབ་སྔོན་རྩིས་ཀྱི་དམིགས་ཚད་ལེགས་གྲུབ་ཧུར་ཐག་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།