འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལྗང་མདོག་སྟོན་གྲངས་སྙན་ཞུ་(2016ལོ་)ཁྱབ་བསྒྲགས་བྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན། པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོ་དབུལ་སྐྱོར་ཞིབ་འཇུག་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་《ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལྗང་མདོག་སྟོན་གྲངས་སྙན་ཞུ་(2016ལོ)》ལས་ཀྲུང་གོའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཁུལ་གྱི་དབུལ་པོ་ཉུང་གཏོང་གི་ལྗང་མདོག་ཆུ་ཚད་རིམ་གྱིས་མཐོ་རུ་འགྲོ་བཞིན་ཡོད་པ་མངོན་ཡོད།
       ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལྗང་མདོག་སྟོན་གྲངས་དེ་པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོ་དབུལ་སྐྱོར་ཞིབ་འཇུག་ལྟེ་གནས་ཀྱིས་2014ལོར་བཟོས་པ་དང་ཁྱབ་བསྒྲགས་བྱས་ཤིང་། སྟོན་གྲངས་དེའི་ནང་དཔལ་འབྱོར་འཕར་བའི་མྱུར་ཚད་དང་། ཐོན་ཁུངས་བེད་སྤྱོད་དང་སྲུང་སྐྱོང་མྱུར་ཚད། སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ་དང་དབུལ་སྐྱོར་གསར་སྤེལ་དང་དབུལ་པོ་ཉུང་གཏོང་གི་ཕན་འབྲས་སོགས་ཕྱོགས་བཞིའི་ཐོག་ནས་ས་ཁུལ་ཞིག་གི་དབུལ་སྐྱོར་དབུལ་སྒྲོལ་བརྒྱུད་རིམ་ནང་གི་དབུལ་པོ་ཉུང་གཏོང་གི་ལྗང་མདོག་ཆུ་ཚད་དང་དབུལ་པོ་ཉུང་གཏོང་གི་ལྗང་མདོག་ཕྱོགས་བསྡུས་ཕན་འབྲས་ལ་ཕྱོགས་བསྡུས་ཚད་ལེན་དང་ཚོད་སྐོར་བྱས་ཡོད་པ་དང་། དེ་ནི་ཀྲུང་གོའི་གནད་སྨིན་དབུལ་སྒྲོལ་དང་དབུལ་སྐྱོར་གྱི་ཕན་འབྲས་ཕྱོགས་ཡོངས་ནས་མཚོན་རྒྱུ་དང་ཚད་འཇལ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་རེད།
       《ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལྗང་མདོག་སྟོན་གྲངས་སྙན་ཞུ་(2016ལོ་)》ཚོད་རྩིས་ལས་མངོན་པར། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ས་ཁུལ་14ཡི་ནང་ལུའོ་ཤའོ་རི་ཁུལ་དང་། ཏ་ཤིན་ཨན་ལིན་ལྷོ་སྣེའི་ཡུག་ཁུལ། ཏ་པེ་ཧྲན་ཡུག་ཁུལ། ཆིན་པ་ཧྲན་ཡུག་ཁུལ་བཅས་ཀྱི་དབུལ་པོ་ཉུང་གཏོང་གི་ལྗང་མདོག་སྟོན་གྲངས་དེ་དབུལ་པོ་ཉུང་གཏོང་གི་ལྗང་མདོག་སྟོན་གྲངས་ཀྱི་ཨང་དང་པོ་དང་བཞི་པར་སླེབས་ནས་ཐོབ་གྲངས་དེ་0.475དང་། 0.441 0.360 0.006སོ་སོ་ཡིན་པ་རེད། རྒྱལ་ཁབ་ཀྱི་རྫོང་དབུལ་པོའི་ཨང་རིམ་505ཡི་ནང་དབུལ་པོ་ཉུང་གཏོང་གི་ལྗང་མདོག་སྟོན་གྲངས་ནང་ཨང་དང་པོ་དང་བཅུ་པར་སླེབས་པའི་རྫོང་དབུལ་པོ་ནི་ཧྲང་ཡིའུ་རྫོང་དང་། དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་། ཆིང་ཀྲོའུ་མིའོ་རིགས་ཏུང་རིགས་རང་སྐྱོང་རྫོང་། ཤོན་ཧྭ་རྫོང་། གཡོད་ཤིས་རྫོང་། ལུའོ་ཐན་རྫོང་། ཉིང་ཞ་རྫོང་། ཡན་ལིན་རྫོང་། ཝུའུ་ལུང་རྫོང་། ཆན་ཧྲན་རྫོང་བཅས་རེད། 《སྙན་ཞུའི་》ནང་དབུལ་པོ་ཉུང་གཏོང་གི་ལྗང་མདོག་བྱེད་ཐབས་ལོ་གཉིས་ལག་ལེན་བྱས་པ་བརྒྱུད་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ས་ཁུལ་ཁག་གི་དབུལ་པོ་ཉུང་གཏོང་གི་ལྗང་མདོག་ཆུ་ཚད་མཐོ་རུ་ཕྱིན་པ་དང་འབྲེལ་ཁུལ་དབར་གྱི་ཧེ་བག་ཀྱང་ཆུང་དུ་ཕྱིན་ཡོད།
       པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོ་དབུལ་སྐྱོར་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་ཀྲང་ཆིས“དབུལ་པོ་ཉུང་གཏོང་གི་ལྗང་མདོག”ཞེས་པ་དེ་ནི་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་རྩ་དོན་དུ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་བྱེད་ཐབས་ལ་བརྟེན་ནས་ས་ཁུལ་དབུལ་པོའི་ལྗང་མདོག་ཐོན་ལས་དང་། ཐོན་ཁུངས། རྒྱུ་ནོར་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་འབྲེལ་མི་འབོར་དབུལ་པོའི་ལས་ཞུགས་དང་ཡོང་འབབ་ཆུ་ཚད་དང་དེ་བཞིན་འཚོ་གནས་ཀྱི་འཕེལ་རྒྱས་ནུས་པ་མཐོ་རུ་གཏོང་རྒྱུ་དང་སྣོད་བཅུད་ཐོན་ཁུངས་དང་རྒྱུ་ནོར་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དང་ཆབས་ཅིག་དབུལ་སྐྱོར་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་རེད། དབུལ་པོ་ཉུང་གཏོང་གི་ལྗང་མདོག་བྱེད་ཐབས་དེ་གནད་སྨིན་དབུལ་སྐྱོར་གྱི་ཕན་ནུས་རང་བཞིན་དང་ཡུན་རིང་རང་བཞིན་མངོན་འགྱུར་བྱ་རྒྱུར་ཕན་པ་ཡོད་པ་མ་ཟད། གནད་སྨིན་དབུལ་སྐྱོར་གྱི་དཔྱད་གཞི་ཕྱིར་བཤོལ་ལམ་སྲོལ་ལ་དཔྱད་གཞི་མཁོ་འདོན་ཐུབ་སྟེ་2020ལོའི་རྗེས་ཀྱི་ཀྲུང་གོའི་དབུལ་པོ་ཉུང་གཏོང་ལ་ཁ་ཕྱོགས་དང་གཙོ་གནད་གསལ་སྟོན་བྱས་ཡོད།
       “ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལྗང་མདོག་སྟོན་གྲངས”ཀྱི་ལག་ལེན་ནུས་པ་མངོན་གསལ་དོད་ཅིང་། ཕྱོགས་གཅིག་ནས་ཕྱོགས་ཡོངས་ནས་རང་རྒྱལ་དང་ས་ཁུལ་ཁག་གི་དབུལ་པོ་ཉུང་གཏོང་གི་ལྗང་མདོག་ཆུ་ཚད་ཚད་ལེན་དང་གནད་དོན་དང་ཧེ་བག་མཐོང་ཐུབ་པ་བྱས་ནས་འོས་འཚམ་གྱི་ལྕག་སྐུལ་དང་གྲོས་འགོ་བཏོན་པའི་ཐོག་རྒྱལ་ཁབ་ཀྱི་ཐབས་ཇུས་དང་ས་གནས་སྲིད་གཞུང་གིས་དེ་བསྟུན་གྱི་སྲིད་ཇུས་བཟོ་རྒྱུར་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད། གཅིག་ཤོས་ནས་དབུལ་པོ་ཉུང་གཏོང་གི་ལྗང་མདོག་སྟོན་གྲངས་ཀྱིས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ཕན་འབྲས་དཔྱད་ཞིབ་མ་ལག་འཛུགས་སྐྱོང་ནང་དབུལ་པོ་ཉུང་གཏོང་གི་ལྗང་མདོག་རིན་ཐང་ཁ་ཕྱོགས་མངོན་པ་དང་དབུལ་པོ་ཉུང་གཏོང་གི་ལྗང་མདོག་སྟོན་གྲངས་བརྒྱུད་ལས་བྱེད་པར་དཔྱད་ཞིབ་བྱེད་ཐབས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་རྗེས་གདེང་འཇོག་བྱེད་ཐབས་ལ་དཔྱད་གཞིའི་རང་བཞིན་ཆེན་པོ་ལྡན་པ་མ་ཟད། མིག་སྔའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱ་རྒྱུར་ཡང་མཛུབ་ཁྲིད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།