འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱོགས་ཡོངས་ནས་སློབ་ཁང་ལ་སྒྱུར་བཀོད་བྱས་ཏེ་ཀན་སུའུ་བོད་རིགས་ས་ཁུལ་གྱི་ཕྲུ་གུ་རྣམས་
    དྲོ་སྐྱིད་ལྡན་པའི་སློབ་ཁང་དུ་སློབ་སྦྱོང་བྱེད་རྒྱུ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། དགུན་ཁ་ཤར་ཚུན། ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་དཔའ་རིགས་བོད་རིགས་རང་སྐྱོང་རྫོང་བཀྲ་ཤིས་ཕྱུག་ལུང་ཤང་བདེ་ཆེན་སློབ་ཁྲིད་ས་ཚིགས་ཀྱིས་རྒྱལ་ཁབ་ཀྱི“སློབ་ཁང་སྒྱུར་འགོད”འདུ་འགོད་དེ། “ཕྱོགས་ཡོངས་ནས་ས་ཁུལ་དབུལ་པོའི་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི”འདུ་འགོད་ལག་བསྟར་བྱས་པར་བརྟེན། བོད་རིགས་ཕྲུ་གུ་12གྲོང་ཁྱེར་གྱི་ཕྲུ་གུ་ཚོ་དང་འདྲ་བར་དགུན་དུས་སློབ་ཁང་དུ་སློབ་སྦྱོང་བྱེད་རྒྱུ་བྱུང་བ་རེད།
             གསར་དུ་བསྐྲུན་པའི་སློབ་ཁང་དུ་བོད་རིགས་དགེ་རྒན་ལྷ་མོ་ཚེ་བརྟན་གྱིས་ལོ་བཅུ་གཅིག་ལ་སླེབས་པའི་ལོ་རིམ་གསུམ་པའི་སློབ་ཕྲུག་གསུམ་ལ་དགུན་ཁའི་གུང་གསེང་གོང་གི་སྙན་ཚིག་བསྐྱར་སྦྱོང་བྱེད་བཞིན་འདུག ཕྱིར་གྲང་རླུང་འུར་འུར་དུ་ལྡང་བ་དང་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་ལྷག་ཟིན་ན་ཡང་། སློབ་ཁང་གི་གྱང་ངོས་སུ་བཀལ་བའི་དྲོད་ཆས་ཀྱི་དྲོད་ཚད་ཧྲེ་ཧྲེའི་ཏུའུ་23རེད་འདུག
            “དེ་སྔ་དང་བསྡུར་ན་སློབ་ཁང་དྲོ་པོ་འདུག”ཅེས་བུ་མོ་ཚེ་བརྟན་སྒྲོལ་མས་བློ་ཁ་ཚིམ་བཞིན་དེ་ལྟར་བརྗོད། རྨ་བྱ་གངས་རིའི་འདབས་སུ་གནས་པའི་བདེ་ཆེན་སློབ་ཁྲིད་ས་ཚིགས་དེ་ས་བབ་སྨི་3400ཡི་ཐོག་ཡོད་པ་དང་གསོ་རླུང་དཀོན་པོ་ཡོད། དེ་སྔོན་ཉིན་ཕྱེད་ལམ་ལུགས་ཀྱི“རྟ་ཐོག་སློབ་ཆུང”ཞིག་ཡིན་ལ་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་བོད་ཡིག་སློབ་ཁྲིད་ས་ཚིགས་དང་པོའང་རེད།
           “བདེ་ཆེན་སློབ་ཁྲིད་ས་ཚིགས་1961ལོར་བཙུགས་པ་དང་བདེ་ཆེན་གྲོང་ཚོའི་དུད་ཚང་168ཀྱི་འབྲོག་པ་700ལྷག་ཙམ་ལ་ཞབས་འདེགས་ཞུ་གི་ཡོད། དུས་ཡུན་རིང་པོའི་ནང་སློབ་གྲྭའི་དགེ་རྒན་རྣམས་རྟ་བཞོན་ནས་གྲོང་ཚོ་དང་སློབ་གྲྭའི་དབར་རྒྱུག་པར་བརྟེན་རྟ་ཐོག་སློབ་ཆུང་ཞེས་མིང་བཏགས་པ་རེད། དེ་སྔ་སློབ་ཁང་དག་སོ་ཕག་གིས་བརྒྱབ་པ་ཤ་སྟག་ཡིན་པས་དགུན་ཁ་རླུང་འགོག་མི་ཐུབ་པ་དང་དབྱར་ཁ་ཆར་ཐིགས་འགོག་ཐུབ་ཀྱི་མེད། དགུན་དུས་ཕྲུ་གུ་རྣམས་ལྕི་བ་བསྒྲུགས་ནས་མེ་བཏང་སྟེ་དྲོད་ཁུག་ཐབས་བྱེད་པ་དང་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད”ཅེས་སློབ་སྤྱི་ཆིན་བཀྲ་ཤིས་ཀྱིས་དེ་ལྟར་བཤད་བྱུང་།
            2014ལོར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་དཔའ་རིགས་རྫོང་དུ“ཕྱོགས་ཡོངས་ནས་སློབ་ཁང་སྒྱུར་བཀོད་བྱེད་པའི”རྣམ་གྲངས་ལ་བཏང་བའི་དངུལ་སྒོར་ཁྲི་4504ཟིན་པ་དང་། བདེ་ཆེན་སློབ་ཁྲིད་ས་ཚིགས་ཚུད་པའི་ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་62ལ“སློབ་ཁང་སྒྱུར་བཀོད་འདུ་འགོད”དང“དྲོ་སྐྱིད་སྦྱིན་པའི་འདུ་འགོད”ལག་བསྟར་བྱས་པ་རེད། སློབ་གྲྭ་འབྲིང་ཆུང་དུ་སློབ་ཁང་དང་། ཉལ་ཁང་། དེང་རབས་ཅན་གྱི་སློབ་ཆས་བཅས་ཡོད་པའི་ཐོག་ཁྲོ་ཐབ་ཆུང་གྲས་སོགས་སྒྲིག་སྦྱོར་བྱས་པར་བརྟེན། རྫོང་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་སློབ་གྲྭར་དགུན་ཁ་ལྕི་བ་བསྲེགས་ནས་དྲོད་ཁུག་ཐབས་བྱེད་པ་ལོ་རྒྱུས་སུ་འགྱུར་བའི་ཁར། སློབ་གྲྭའི་ཉལ་ཁང་གསར་རྐྱང་དུ་གྱུར་པར་བརྟེན་ས་གནས་དེའི་བོད་རིགས་ཕྲུ་གུ་ཚོར་དྲོ་སྐྱིད་བྱིན་པ་མ་ཟད། སློབ་ཁྲིད་ཁོར་ཡུག་ཀྱང་ཆེས་ཆེར་ལེགས་སུ་ཕྱིན་ཡོད།
            ད་ཆ་བདེ་ཆེན་སློབ་ཁྲིད་ས་ཚིགས་སུ་སྨི་ངོས་གྲུ་300ཙམ་ཡོད་པའི་གསར་དུ་བསྐྲུན་པའི་སློབ་ཁང་10ཡི་ནང་དེང་རབས་ཅན་གྱི་སློབ་ཆས་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད། ཆེད་བསྐོས་དགེ་རྒན་3གྱི་སློབ་ཁྲིད་འོག བོད་རིགས་སློབ་མ་8ཀྱིས་དྲ་སྦྲེལ་བརྒྱུད་ཕྱི་ཕྱོགས་དང་སྤེལ་རེས་དང་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད།
           གསར་འགོད་པར་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། 2016ལོའི་ཟླ་8པའི་ཟླ་སྨད་བར“ཕྱོགས་ཡོངས་ནས་སློབ་ཁང་སྒྱུར་བཀོད་བྱེད་པའི”བྱེད་ཐབས་ལག་བསྟར་བྱས་པར་བརྟེན། ཀན་སུའུ་ཡི་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭ་11254ཡི་སློབ་ཕྲུག་ཁྲི་252ལ་ཕན་པ་ཐོབ་པ་དེས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་གྲངས་འབོར་དང་སློབ་ཕྲུག་གྲངས་འབོར་གྱི་83%དང་93%སོ་སོར་བཟུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།