འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་
    ཉེར་བརྒྱད་འདས་པའི་རྗེས་དྲན་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་
ཉེར་བརྒྱད་འདས་པའི་རྗེས་དྲན་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། བསམ་འཕེལ་ནོར་བུ། ཚེ་མཁར་རྒྱལ། ཚེ་རིང་རྒྱ་མཚོ།) 2017ལོའི་ཟླ1པོའི་ཚེས7ཉིན། ཟི་ལིང་གྲོང་ཁྱེར་ཧའེ་ཡོ་མགྲོན་ཁང་ཆེན་མོ་རུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་ཉེར་བརྒྱད་འདས་པའི་རྗེས་དྲན་བཞུགས་མོལ་ཚོགས་འདུ་འཚོགས། ཐེངས་འདིའི་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་ཞིང་། ཚོགས་ཐོག་ཏུ་རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་པད་མ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཟུར་པ་ཕུའུ་ཝུན་ཁྲིན་སོགས་ཞིང་ཆེན་ཕྱི་ནང་གི་དབུ་ཁྲིད་བློ་མཐུན་དང་། བླ་སྤྲུལ། དགེ་བཤེས། དགེ་རྒན། ཤེས་ཡོན་པ་བརྒྱ་ཕྲག་ལྷག་ཞུགས། མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཅོད་པ་དོན་གྲུབ་ལགས་ཀྱིས་རྗེས་དྲན་ཚོགས་འདུར་འགོ་འཛིན་བྱས།
             ཚོགས་ཐོག་ཏུ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། བོད་ལྗོངས་གཞིས་ཀ་རྩེ་གཙང་བཀྲ་ཤིས་ལྷུན་པོའི་བཀའ་ཆེན་རྡོ་རྗེ་རྒྱལ་མཚན་བཅས་ཀྱིས་ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་བཅུ་པ་འཚོ་བཞུགས་སྐབས་ཀྱི་མཛད་རྣམ་དང་། ཁོང་ནི་ངེས་དོན་གྱི་རྒྱལ་གཅེས་ཆོས་གཅེས་རིང་ལུགས་པ། ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ་བཟང་པོ། རྒྱལ་ཁབ་དང་མི་རིགས་ལས་དོན་ལ་བརྩེ་བ་གཅིག་ཏུ་གཞོལ་མཁན། མི་རིགས་གང་གིས་ཀྱང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྒྲིག་སྲོལ་བརྩི་སྲུང་ཐད་དཀའ་ངལ་འཕྲད་པའི་སྐབས་སུ།  མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་འབོད་སྐུལ་གཏོང་མཁན། རྒྱལ་གཅེས་ཆོས་གཅེས་དམངས་གཅེས་ཀྱི་བསམ་བློ་འཛུགས་མཁན། ཁོང་ལ་དཔག་པར་དཀའ་བའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གྱིས་ཕྱུག་པར་མ་ཟད། ང་ཚོས་ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་། བླང་དོར་འབྱེད་པའི་རྣམ་དཔྱོད། དམངས་ལ་གཅེས་པའི་བྱམས་སེམས། ཆོས་ལུགས་སྐྱོང་བའི་སློབ་དཔོན། གསུང་པར་ཕོད་པའི་བློ་སྤོབས། སྒྲུབ་པར་ནུས་པའི་གདེང་ཚོད་བཅས་འདུས་པའི་སྐྱེས་ཆེན་དམ་པ་དང་མགོ་ཁྲིད་ལེགས་པོ་ཁོང་ལ་སློབ་སྦྱོང་དང་རྗེས་དྲན་བྱེད་དགོས་ཞེས་གཏམ་བཤད་གལ་ཆེན་གནང་།
             རྗེས་དྲན་ཚོགས་འདུ་ཉིན་གཉིས་ཀྱི་རིང་ལ། བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་བའི་བཤེས་གཉེན་ཆེན་མོ་དང་། ས་དགེ་བཀའ་རྙིང་གི་དགེ་བཤེས་དང་མཁན་པོ་བཅུ་ཕྲག་ལྷག་གིས་རྗེས་དྲན་ཀྱི་གཏམ་བཤད་རྒྱ་ཆེར་གནང་བ་རེད།
    རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་པད་མ།
    རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་པད་མ།
    ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན།
    ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན།
    ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ།
    ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ།
    མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ།
    མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ།
    མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཟུར་པ་ཕུའུ་ཝུན་ཁྲིན།
    མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཟུར་པ་ཕུའུ་ཝུན་ཁྲིན།
    ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ།
    ཙོང་ཁ་བ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ།
    ༄༅།།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་
ཉེར་བརྒྱད་འདས་པའི་རྗེས་དྲན་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ།
    ༄༅།།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་
ཉེར་བརྒྱད་འདས་པའི་རྗེས་དྲན་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།