འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྨར་ཁམས་སུ་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོའི་གནས་8རྙེད་པ་
    དངོས་སུ་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་སྨར་ཁམས་སུ་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོའི་གནས་8རྙེད་པ་
དངོས་སུ་ངོས་འཛིན་བྱས་པ།
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཁོངས་ཀྱི་རིག་དངོས་ལ་ཡོངས་ཁྱབ་རྩད་ཞིབ་སྔོག་འདོན་ལས་དོན་དུས་རིམ་ཞིག་བྱས་པའི་རྗེས། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རིག་དངོས་ཅུས་ཀྱིས་ཉེ་ཆར་གནའ་རྫས་རྟོག་ཞིབ་པས་སྨར་ཁམས་རྫོང་ཁོངས་སུ་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོའི་གནས་8རྙེད་པ་དངོས་སུ་ངོས་འཛིན་བྱས་པ་དང་། དེ་ནི་བོད་ལྗོངས་མངའ་ཁོངས་སུ་གནས་པའི་གསང་འདུས་ཅུང་ཆེ་བ་དང་མ་ལག་ཏུ་གྲུབ་པའི་བོད་བཙན་པོའི་དུས་ཀྱི་ནང་བསྟན་གནའ་རྫས་དཔྱད་ཞིབ་དང་སྒྱུ་རྩལ་གྱི་རྗེས་ཤུལ་ཉར་ཚགས་བྱས་རིགས་སུ་གྱུར་པ་རེད་ཅེས་བརྗོད་པ་རེད།
         ངོ་སྤྲོད་བྱས་པར་ལྟར་ན། ཐེངས་འདིར་རྙེད་པའི་བོད་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོ་ཚང་མ་ནང་བསྟན་གྱི་གཟུགས་དབྱིབས་ཡིན་ཞིང་། གཟུགས་བརྙན་མང་ཆེ་བ་ནི་འབུར་བརྐོས་སམ་ཡང་ན་སྲིབ་ཐིག་རིས་བརྐོས་ཡིན་པ་དང་། གཟུགས་བརྙན་གྱི་ཆ་ལུགས་ནི་མང་ཆེ་བ་ཐོར་ལྕོག་མཐོ་ཞིང་དབུ་ཞྭ་གྱོན་པ། ལུས་ལ་གོང་བ་ཟུར་གསུམ་གྱི་ཕྱུ་པ་གྱོན་ཡོད་པས། བོད་བཙན་པོའི་དུས་སྐབས་ཀྱི་བཙན་པོ་དང་དེ་བཞིན་གོང་རིམ་མི་སྣའི་ཆ་ལུགས་དཔེ་མཚོན་ཡིན་པ་རེད།
          སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་གཞོན་པ་ཀྲང་ཡན་ཆིང་གིས"འདི་ནས་རྡར་ཤ་བཅད་ན། སྨར་ཁམས་ནས་རྙེད་པའི་བོད་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོའི་དུས་སྐབས་ནི་བོད་བཙན་པོ་ཁྲི་སྲོང་ལྡེ་བཙན་ནས་ཁྲི་ལྡེ་སྲོང་བཙན་བར་གྱི་དུས་སྐབས་ཡིན་ཞིང་། དེ་ནི་དུས་རབས་8པའི་དུས་སྐེད་ནས་དུས་རབས་9པའི་དུས་སྟོད་བར་དུ་རེད་"ཅེས་གསུངས་པ་རེད།
         ཐེངས་འདིར་དངོས་སུ་ངོས་འཛིན་བྱས་པའི་བོད་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོའི་གནས་8ནི་གཙོ་བོ་འཇང་མི་རིགས་ཤང་དང་། སྤང་མདའ་ཤང་། སྒར་ཐོག་གྲོང་རྡལ་བཅས་སུ་གཅིག་བསྡུས་ཁྱབ་ཡོད་ཅིང་། རྡོ་བརྐོས་དེ་དག་བྲག་བརྐོས་གཟུགས་བརྙན་དང་། བརྐོས་དཀྲོལ་ལངས་གཟུགས་སྐུ་བརྙན། བྲག་བརྐོས་བོད་ཡིག་བརྡ་རྙིང་ཞལ་བྱང་། རྡོ་བརྐོས་མ་ཎི་བཅས་རིགས་བཞི་འདུས་ཡོད་པ་རེད།
     གནའ་རྫས་རྟོག་ཞིབ་མཁས་པས་ནང་བསྟན་གྱི་སྒྱུ་རྩལ་ཐད་ནས་བལྟས་ནས་བཤད་ན། སྨར་ཁམས་རྫོང་གི་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོའི་ཚོགས་ལས་བོད་བཙན་པོའི་དུས་སྐབས་ཀྱི་ཤེས་རིག་ཁྲོད་ཀྱི་ཤར་ནུབ་ཕྱོགས་བར་རིག་གནས་སྤེལ་རེས་བྱེད་མྱོང་བའི་ལོ་རྒྱུས་ཀྱི་རྣམ་པ་མངོན་ཡོད་པས།  བོད་ཀྱི་གནའ་རབས་སུ་འགྲིམ་འགྲུལ་ལམ་ཐིག་འོད་སྟོང་འབར་བའི་རྗེས་ཤུལ་གལ་ཆེན་གྱི་བདེན་དཔང་ཡིན་ལ། བོད་རིགས་དང་མཐའ་འཁོར་གྱི་མི་རིགས་བར་གནའ་སྔ་མོ་ནས་ཕན་ཚུན་བར་དངོས་པོ་དང་རིག་གནས་བརྗེ་རེས་དང་། དེ་བཞིན་ནང་བསྟན་བརྒྱུད་སྤེལ་བྱས་པའི་ལོ་རྒྱུས་ཀྱི་བདེན་དཔང་ཡང་ཡིན་ཞིང་། བོད་ཀྱི་གནའ་རྫས་རྟོག་དཔྱད་ལས་དོན་གྱིས་གསར་རྙེད་གལ་ཆེན་ཞིག་ཡིན་ཞེས་བརྗོད་པ་རེད།
        2016ལོའི་ལོ་སྨད་དུ་སྨར་ཁམས་རྫོང་རིག་དངོས་ཅུས་དང་ཡུལ་སྐོར་ཅུས་ཀྱིས་སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་དང་གནའ་རྫས་རྟོག་ཞིབ་ཚན་ཁག་གི་མཁས་དབང་ཚོ་དང་མཉམ་འབྲེལ་བྱས་ནས་སྨར་ཁམས་རྫོང་ཁོངས་སུ་རིག་དངོས་ཡོངས་ཁྱབ་ཞིབ་རྩད་དང་སྔོག་འདོན་གྱི་ལས་དོན་སྤེལ་བ་མ་ཟད། སྨར་ཁམས་རྫོང་ཁོངས་སུ་རྙེད་པའི་བོད་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོ་ཚོགས་ལ་བརྟག་དཔྱད་གཏིང་ཟབ་པོའང་བྱས་པ་རེད།
    ༄༅།།བོད་ལྗོངས་སྨར་ཁམས་སུ་བཙན་པོའི་དུས་སྐབས་ཀྱི་རྡོ་བརྐོས་རི་མོའི་གནས་8རྙེད་པ་
དངོས་སུ་ངོས་འཛིན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།