འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གྲོང་ཚོའི་ནང་གི་བཙན་པོ་དབང་ཤེད་ལ་
    བཅོས་སྒྲིག་བྱ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་16ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན། གསར་འགོད་པས་རྒྱལ་ཡོངས་ཞིབ་དཔྱོད་ཀྲང་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཞིབ་དཔྱོད་ལས་ཁུངས་ཀྱིས་མི་སེར་ལ་བརྙས་བཅོས་གཉའ་མནོན་གཏོང་མཁན་དང་། རང་སྣང་གང་ཤར་བྱེད་མཁན་གྱི“གྲོང་ཚོའི་ནང་གི་བཙན་པོ་དབང་ཤེད་ལ་བཅོས་སྒྲིག་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དང་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་མི་སྣའི་རུལ་སུངས་ཉེས་གསོག་ལ་ཆད་པ་ནན་པོ་གཅོད་རྒྱུ་ཡིན་པ་རེད།
        གོང་ཚེས་ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ཚའོ་ཅན་མིན་གྱིས་ཚོགས་འདུའི་ཐོག ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་འགལ་ཟླ་སློང་རྐྱེན་གྱི་རྨང་གཞིའི་རང་བཞིན་གྱི་གནད་དོན་ཐག་གཅོད་གཏིང་ཟབ་དང་རིགས་ཁག་གི་འགལ་ཟླའི་ཉེན་ཁ་སྔོན་འགོག་དང་མེད་པ་བཟོ་བའི་ལས་དོན་ནན་ཏན་སྒྲུབ་དགོས། ས་ཁོངས་མང་པོའི་ཚོགས་སྤྱིའི་རང་བཞིན་གྱི་ཁེ་དབང་སྲུང་སྐྱོང་དང་ཡིག་བསྐུར་ངོ་བཅར་ཐོན་མང་བའི་གནས་ཚུལ་ལ་ཚད་མཐོའི་མཐོང་ཆེན་དང་། ཉེན་ཁ་སྔོན་དཔག་དང་། སྔོན་བརྡ། སྔོན་འགོག་བཅས་དང་འཕྲལ་སྡོམ་ཐག་གཅོད་བྱ་ཤུགས་ཆེ་རུ་གཏོང་དགོས། ཧུའུ་ནན་དང་ཁྲུང་ཆིང་སོགས་ས་ཁུལ་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། མི་དམངས་ལྟ་སྐུལ་པ་སོགས“ཕྱོགས་གསུམ་པ”ཁྲིམས་དང་གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་སེལ་བའི་ནང་ཞུགས་རྒྱུར་གདན་ཞུ་བྱས་ཏེ་ཁྲིམས་རྩོད་པས་གྱོད་གཞི་སེལ་བ་དང་ཚབ་གཉེར་ཞུ་གཏུག་བྱེད་པའི་ལས་དོན་ནང་ཞུགས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།