འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱེས་བགྲོད་གངས་ཤུད་ཀྲུང་གོའི་སྐོར་སྐྱོད་
    འགྲན་བསྡུར་ནང་ཀྲུང་གོའི་བུད་མེད་བདམས་ཐོན་པར་ཨང་དང་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱེས་བགྲོད་གངས་ཤུད་ཀྲུང་གོའི་སྐོར་སྐྱོད་འགྲན་བསྡུར་ཁྲང་པའེ་རི་བོའི་ལུའུ་ནེང་མཛེས་ལྗོངས་གྲགས་ཅན་ས་ཚིགས་ཀྱི་འགྲན་བསྡུར་དེ་ཟླ་1ཚེས་1ཉིན་ཅི་ལིན་ཞིང་ཆེན་ཧྥུའུ་སུང་རྫོང་དུ་མཇུག་འགྲིལ་ཞིང་། ཀྲུང་གོའི་བུད་མེད་བདམས་ཐོན་པ་ལི་ཤིན་དང་མོང་ཧུང་ལེན་གྱིས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཨང་དང་པོ་དང་གཉིས་པ་བླངས་པ་རེད།
         རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱེས་བགྲོད་གངས་ཤུད་ཀྲུང་གོའི་སྐོར་སྐྱོད་འགྲན་བསྡུར་དེ་ཀྲུང་གོར་སྤེལ་ཐེངས་15པ་ཡིན་ནའང་ཁྲང་པའེ་རི་བོའི་ལུའུ་ནེང་མཛེས་ལྗོངས་གྲགས་ཅན་ཁུལ་དུ་འགྲན་བསྡུར་དེ་གཉེར་ཐེངས་དང་པོ་ཡིན་པ་རེད། འགྲན་བསྡུར་ནང་ཞུགས་མཁན་གྱི་གྲས་སུ་སུའེ་ཏེན་དང་། ནོར་ཝེ། ཧྥ་རན་སེ། ཀྲུང་གོ་སོགས་རྒྱལ་ཁབ་12ཀྱི་ཆེད་ལས་ལུས་རྩལ་པ་80ཞུགས་པ་དེ་དག་གིས་ཀྲུང་གོའི་རྒྱལ་ཁབ་ཀྱི་བུ་དང་བུ་མོའི་བྱེས་བགྲོད་གངས་ཤུད་རུ་ཁག་གི་གཙོ་ཤུགས་བདམས་ཐོན་པ་ཚང་མ་མངགས་གཏོང་བྱས་ཡོད་པ་རེད། བུད་མེད་ཀྱི་མཐའ་འགྲན་ནང་ཀྲུང་གོའི་བདམས་ཐོན་པ་ལི་ཤིན་དང་མོང་ཧུང་ལེན་གཉིས་ཀྱིས་ཨང་དང་པོ་དང་གཉིས་པ་བླངས་པ་དང་སུའེ་ཏེན་གྱི་བདམས་ཐོན་པ་ཀྲན་སེན་ལ་ཟངས་ཀྱི་རྟགས་མ་ཐོབ་ཡོད། བུའི་མཐའ་འགྲན་ནང་ལོ་19ལ་སོན་པའི་ཀྲུང་གོའི་འགྲན་བསྡུར་པ་ཀྲུའུ་མིང་ལེང་ལ་སུའེ་ཙེར་གྱི་བདམས་ཐོན་པ་ཤེར་སི་ཐུའུ་ཨེན་དང་ཧྥ་རན་སེའི་བདམས་ཐོན་པ་ཡ་ན་སུའོ་ཡི་རྗེས་ཀྱི་ཨང་གསུམ་པ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།