འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཞའོ་ཅེ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཆོག་མཆན་ཐོབ་པའི་དམངས་གཉེར་དངུལ་ཁང་16ལ་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་དང་འཕེལ་རྒྱས་འགྲོ་བའི་ནང་འགྲན་རྩོད་འདྲ་མིན་འཕྲད་རྒྱུ་ཡིན་པ།
         མིག་སྔའི་བར། ཀྲུང་གོ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་དམངས་གཉེར་དངུལ་ཁང་16གི་རེ་ཞུར་ཆོག་མཆན་སྤྲད་པའི་ནང་8ལས་འགོ་བཙུགས་ཟིན་པ་རེད།
         ལས་རིགས་གཅིག་པའི་མི་སྣས། དམངས་གཉེར་དངུལ་ཁང་འཕེལ་རྒྱས་འགྲོ་བ་དེས་རང་རྒྱལ་གྱི་དངུལ་རྩའི་ཞབས་ཞུ་སྣེ་མང་ཅན་དང་། ཁྱད་པར་ཅན། ཁྱད་ལྡན་ཅན་བཅས་ཡོང་རྒྱུར་རོགས་རམ་ཐོབ་ནས་དངུལ་རྩའི་ཁྲོམ་རའི་གསོན་ཤུགས་ལ་སྔར་བས་སྐུལ་སློང་ཐེབས་ནའང་རྒྱུན་བསྲིང་འཕེལ་རྒྱས་ཡོང་རྒྱུར་དམངས་གཉེར་དངུལ་ཁང་ལ་སྔར་བཞིན་འགྲན་རྩོད་འདྲ་མིན་འཕྲད་རྒྱུ་རེད་ཅེས་བཤད།
         2014ལོའི་ཟླ་3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་གཉེར་དངུལ་ཁང་5ལ་ཚོད་ལྟ་བྱ་རྒྱུའི་ཆོག་མཆན་ཐོག་མར་སྤྲད་ནས་དམངས་གཉེར་དངུལ་ཁང་གི་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། མིག་སྔའི་བར། དམངས་གཉེར་དངུལ་ཁང་16ལ་གྲབས་འཛུགས་ཆོག་མཆན་ཐོབ་པའི་ནང་8བཙུགས་ཟིན་པ་དང་ལྷག་མ་དེ་རྣམས་གྲ་སྒྲིག་དུས་མཚམས་སུ་གནས་ཡོད་པ་རེད། 2015ལོར་བཙུགས་པའི་ཆན་ཧའེ་སྐད་འཕྲིན་སྤྱི་རྟགས་དངུལ་ཁང་དང་ཀྲེ་ཅང་དྲ་ཐོག་ཚོང་ལས་དངུལ་ཁང་སོགས་དངུལ་ཁང་5ཕུད་འདི་ལོ་ད་དུང་ཁྲུང་ཆིང་ཧྥུའུ་མིང་དངུལ་ཁང་དང་། སི་ཁྲོན་ཤིན་ཝང་དངུལ་ཁང་། ཧུའུ་ནན་སན་ཤང་དངུལ་ཁང་བཅས་ལས་འགོ་ཚུགས་རྒྱུ་ཡིན་པ་རེད།
        ཀྲུང་དབྱང་ནོར་དཔལ་སློབ་ཆེན་ཀྲུང་གོའི་དངུལ་ཁང་ལས་རིགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཀུའོ་ཐེན་ཡུང་གིས་དམངས་གཉེར་དངུལ་ཁང་ཁག་དང་པོ་བཙུགས་པ་དང་ལས་གཉེར་བྱས་པ་དེས་ཁྲོམ་རའི་ཐོག་དངུལ་རྩའི་ལས་རིགས་ཀྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་མཐོང་ཐུབ་པ་བྱུང་ཡོད། དམངས་གཉེར་དངུལ་ཁང་གི་ལམ་སྲོལ་བབ་བསྟུན་ལྡན་པས་དངུལ་རྩའི་ཁྲོམ་རའི་གསོན་ཤུགས་བསྣན་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་མ་ཐེབས་རྒྱུ་རེད་ཅེས་བཤད།
        ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དངུལ་རྩ་སུའོ་དངུལ་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཚེང་ཀང་ཙེས་དམངས་གཉེར་དངུལ་ཁང་འཕེལ་རྒྱས་ལ་རྒྱུ་རྐྱེན་མང་པོའི་འགྲན་རྩོད་འཕྲད་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་སྟེ།
        གཅིག ལས་སྒོའི་གྲུབ་ཆ་དོ་སྙོམས་མེད་པ་དང་སིལ་ཚོང་ལས་སྒོར་ཞན་ཆ་གནས་ཡོད། སྐད་འཕྲིན་སྤྱི་རྟགས་དངུལ་ཁང་དང་དྲ་ཐོག་ཚོང་ལས་དངུལ་ཁང་གིས་ཀུང་སི་ཨ་མའི་མཉམ་འབྲེལ་དྲ་རྒྱའི་འཛད་སྤྱོད་པའི་སྟེགས་བུར་བརྟེན་ཆོག་ནའང་དངུལ་ཁང་གཞན་དག་གི་ངོས་ནས་བརྗོད་ཚེ་སིལ་ཚོང་ལས་སྒོ་འཕེལ་རྒྱས་འགྲོ་བར་དྲ་ཚིགས་ཀྱི་གཉེར་སྐྱོང་ལ་བརྟེན་དགོས། འོན་ཀྱང་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དམངས་གཉེར་དངུལ་ཁང་ལ་ཡན་ལག་དང་ཉིང་ལག་སྒྲིག་གཞི་འཛུགས་པའི་སྲིད་ཇུས་ནི་ཚོད་ལྟའི་དུས་མཚམས་ཀྱི“དངུལ་ཁང་གཅིག་གིས་དྲ་ཚིགས་གཅིག་འཛུགས་པ”ཡིན་པ་དེས་ཕྱི་རོལ་ཡུལ་གྱི་ཐོག་ནས་སིལ་ཚོང་ལས་སྒོ་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཕོག་པ་དང་།
        གཉིས། མ་དངུལ་གྱི་བུ་ལོན་གྲུབ་ཆ་དེ་ཙམ་ལུགས་མཐུན་མེད། བུ་ལོན་གྱི་གྲུབ་ཆའི་ནང་སྡེབ་ཚོང་རང་བཞིན་གྱི་མ་རྩ་བསྡུ་སྒྲིལ་གྱིས་བསྡུར་གྲངས་བཟུང་ཚད་བལྟོས་བཅས་ཀྱིས་མཐོ་ཙམ་ཡོད་པ་དང་སྤྱིར་བཏང་རང་བཞིན་གྱི་བཅོལ་དངུལ་དང་ལྷག་པར་དུ་སིལ་ཚོང་བཅོལ་དངུལ་གྱིས་བསྡུར་གྲངས་བཟུང་ཚད་ཅུང་དམའ་ཙམ་ཡོད་པ་དེས་འཁོར་སྐྱོད་རང་བཞིན་གྱི་དོ་དམ་བྱ་རྒྱུར་གནོན་ཤུགས་སྤྲོད་རྒྱུ་ཡིན་པ།
        གསུམ། ཡོང་འབབ་གྲུབ་ཆའི་ཁྲོད་སྐྱེད་ཀ་མིན་པའི་ཡོང་འབབ་ཀྱིས་བསྡུར་གྲངས་བཟུང་ཚད་དམའ་ཙམ་ཡོད། ལས་འགོ་ཚུགས་པའི་དུས་ཚོད་ཐུང་བ་དང་དེ་བཞིན་ལས་སྒོའི་འོས་བབ་ཐོབ་ཐང་ཐད་ཀྱི་རྒྱུ་རྐྱེན་གྱིས་རྐྱེན་པས་དམངས་གཉེར་དངུལ་ཁང་སྤྱི་ཡོངས་ཀྱི་བར་མའི་ལས་སྒོའི་ཡོང་འབབ་ཀྱིས་བསྡུར་གྲངས་བཟུང་ཚད་ཅུང་དམའ་ཙམ་ཡིན་པས་ཡོང་འབབ་སྣེ་མང་ཅན་གྱི་ཚད་གཞི་མཐོ་རུ་གཏོང་དགོས་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།