འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་ཉིན་རེའི་ཚགས་པར་གྱི་དུས་ཐེངས་བཞི་པའི་དུད་སྣེ་དངོས་སུ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་4ཉིན་མི་དམངས་ཉིན་རེའི་ཚགས་པར་གྱི་དུས་ཐེངས་བཞི་པའི་དུད་སྣེ་གསར་པ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དུད་སྣེ་གསར་པ་དེའི་ནང་ཐད་གཏོང་འཕྲིན་ལམ་དང་གཞི་གྲངས་ཆེ་མོ་རིག་ལྡན་འོས་སྦྱོར་ནུས་པ་འཕར་འཛུགས་བྱས་ནས་སྤྱོད་མཁན་ལ་ཆ་འཕྲིན་གསར་ཤོས་དང་། དུས་ཐོག་ཐད་སྟོན། ཕྱོགས་ཡོངས་ལ་ཁྱད་ཆོས་ལྡན་པ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་འགོ་བཙུགས་ཡོད་པ་རེད།
        དྲ་སྦྲེལ་སྒུལ་བདེ་ཅན་དང་བརྙན་ལམ་ཅན་དུ་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་སྒུལ་བདེའི་བརྙན་ལམ་ཐད་སྟོན་དེ་གསར་འགྱུར་བརྒྱུད་སྤེལ་ཁྱབ་ཁོངས་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད། འཕེལ་ཕྱོགས་གསར་པ་དང་བསྟུན་ཏེ་མི་དམངས་ཉིན་རེའི་ཚགས་པར་གྱིས་འཕར་འཛུགས་བྱས་པའི་དུད་སྣེ་གསར་པའི་ཐད་སྟོན་འཕྲིན་ལམ་དུ་སྤྱོད་མཁན་ཞུགས་ན་གསར་འགྱུར་ཐོན་ཡུལ་དངོས་ཀྱི་གནས་ཚུལ་ཐད་ཀར་མཐོང་རྒྱུ་དང་། མིག་སྔར་ཐད་ཀར་སྟོན་པ་དང་དེ་བཞིན་དེ་གོང་སྟོན་མྱོང་ཡོད་པ་རྣམས་སྤྱོད་མཁན་གྱིས་ག་དུས་ཡིན་ནའང་ལྟ་ཆོག་པ་མ་ཟད། ད་དུང་རང་ཉིད་ཀྱིས་ལྟ་འདོད་པའི་ཐད་སྟོན་ནང་དོན་ཡང་སྔོན་མངགས་བྱ་རྒྱུ་ཡོད། ཐད་སྟོན་འཕྲིན་ལམ་བཙུགས་པ་དེས་དུད་སྣེ་དང་སྤྱོད་མཁན་དབར་དུས་ཐོག་ཏུ་བགྲོ་གླེང་བྱེད་པའི་ནུས་པ་སྔར་བས་ཆེ་རུ་སོང་ཡོད་ལ་གསར་འགྱུར་གྱི་ནང་དོན་འདུས་གྲུབ་སྨྱན་སྦྱོར་བརྒྱུད་སྟོན་ཐུབ་པའང་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།