འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ཡ་རྒྱལ་ཁབ་ནུབ་བྱང་མཚོ་རྒྱུད་གྲོང་ཁྱེར་ཅེ་པུའུ་ལའེ་རུ་འབར་མདེལ་གྱིས་འཇབ་
    རྒོལ་ཐེབས་པ་ལས་མི་9རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་5ཉིན། སི་རི་ཡ་རྒྱལ་ཁབ་ནུབ་བྱང་རྒྱུད་ཀྱི་གྲོང་ཁྱེར་ཅེ་པུའུ་ལའེ་རུ་རླངས་འཁོར་འབར་མདེལ་གྱིས་འཇབ་རྒོལ་ཐེབས་ནས་མི་9རྐྱེན་ལམ་དུ་ཤོར་བ་དང་། མི་15ལ་རྨས་སྐྱོན་ཕོག་པ་རེད།
         སི་རི་ཡ་རྒྱལ་ཁབ་ཀྱི་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། འཇབ་རྒོལ་བྱེད་མཁན་གྱིས་ཅེ་པུའུ་ལའེ་གྲོང་ཁྱེར་གྱི་ལུས་རྩལ་ཁང་ཞིག་གི་ཉེ་འགྲམ་དུ་རླངས་འཁོར་ཞིག་གི་ཐོག་བཞག་པའི་འབར་རྫས་འབར་དུ་བཅུག་པ་རེད།
         ན་ནིང་ཟླ་བ་5པར་ཅེ་པུའུ་ལའེ་གྲོང་ཁྱེར་དུ་འབར་གས་དོན་རྐྱེན་ཐེངས་མང་བྱུང་ཞིང་། མི་གྲངས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་རེད།
        སི་རི་ཡ་རྒྱལ་ཁབ་ནུབ་བྱང་མཚོ་རྒྱུད་ས་ཁུལ་ནི་སི་རི་ཡ་རྒྱལ་ཁབ་སྲིད་གཞུང་གི་རྒྱབ་ཕྱོགས་ཆེན་མོ་རུ་བརྩིས་པ་དང་། འཐབ་ཇུས་ཀྱི་གོ་གནས་གལ་ཆེན་བཟུང་ཞིང་། དུས་ཡུན་རིང་པོར་བདེ་འཇགས་ཀྱི་གནས་ཚུལ་ཅུང་ལེགས་པོ་ཡོད་པ་རེད།
         ཐེངས་འདིའི་འབར་མདེལ་འཇབ་རྒོལ་ནི་སི་རི་ཡ་རྒྱལ་ཁབ་ཏུ་དམག་མཚམས་བཞག་པའི་དུས་སུ་བྱུང་བ་ཡིན་ཞིང་། དེ་ནི་གཙོ་བོ་ཨུ་རུ་སུ་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡ་རྒྱལ་ཁབ་ཏུ་དམག་མཚམས་འཇོག་པར་སྐུལ་འདེད་གཏོང་བའི་གྲོས་མཐུན་དེ་ས་གནས་དེ་གའི་དུས་ཚོད་2016ལོའི་ཟླ་12ཚེས་30ཉིན་ཆུ་ཚོད་0ནས་ནུས་པ་ཐོན་འགོ་ཚུགས་ཏེ་ལོ་6ཉེ་བའི་རིང་གི་སུ་རུ་ཡའི་གདོང་གཏུག་མཇུག་བསྒྲིལ་བའི་རེ་བ་གསར་པ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།