འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མེ་བྱ་ལོའི་ལོ་གསར་རྟེན་འབྲེལ་ཞུ་བའི་དྲན་རྟེན་དངུལ་སྒོར་ཐོག་མར་འགྲེམས་སྤེལ་བྱས་ཤིང་
    པེ་ཅིང་གྲོང་ཁྱེར་གྱི་གྲོང་མི་ཚོས་སྟར་བསྒྲིགས་ནས་བརྗེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 08:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མེ་བྱ་ལོའི་ལོ་གསར་རྟེན་འབྲེལ་ཞུ་བའི་དྲན་རྟེན་དངུལ་སྒོར་ཐོག་མར་འགྲེམས་སྤེལ་བྱས་ཤིང་
པེ་ཅིང་གྲོང་ཁྱེར་གྱི་གྲོང་མི་ཚོས་སྟར་བསྒྲིགས་ནས་བརྗེ་བ།
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་4ཉིན། ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོའི་མི་དམངས་དངུལ་ཁང་གིས་2017ལོའི་མདོག་གཉིས་ཟངས་བསྲེས་ལྕགས་རིགས་ཀྱི་དྲན་རྟེན་དངུལ་སྒོར་གྱི་མདུན་ངོས་ཀྱི་རི་མོ་ནི“ཀྲུང་གོའི་མི་དམངས་དངུལ་ཁང”དང་། “སྒོར10”། རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེ“SHIYUAN” དེ་བཞིན་ལོ་རྟགས“2017”བཅས་ཡིན་པ་དང་། གཞི་རིས་ནི་ཚང་འཁོར་རི་མོ་རེད།
         དྲན་རྟེན་དངུལ་སྒོར་གྱི་རྒྱབ་ངོས་ཀྱི་རི་མོ་གཙོ་བོ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་ཤོག་དྲས་སྒྱུ་རྩལ་དང་རྒྱན་སྤྲོས་ལོ་གསར་རི་མོའི་གཞི་རྒྱུ་གཉིས་ཟུང་འབྲེལ་བྱས་པའི་བཟོ་དབྱིབས་བྱ་ཞིག་ཡིན་པ་དང་། དེའི་སྟེང་དུ་ལྒང་བཞུ་དང་ཤིང་པད་མ་མེ་ཏོག་གི་རི་མོ་ཡིན་ཞིང་། དངུལ་སྒོར་གྱི་གཡོན་ངོས་ནི"མེ་བྱ"ཞེས་པའི་ཡི་གེ་བཀོད་ཡོད་པ་རེད། མདོག་གཉིས་ཟངས་བསྲེས་ལྕགས་རིགས་ཀྱི་དྲན་རྟེན་དངུལ་སྒོར་གྱི་རིན་གྲངས་ནི་སྒོར་10ཡིན་ཞིང་། ཚངས་ཐིག་ལ་ཧའོ་སྨི་27ཡོད་པ་དང་། རྒྱུ་ཆ་ནི་མདོག་གཉིས་ཟངས་བསྲེས་ལྕགས་རིགས་ཡིན་ལ། འགྲེམས་སྤེལ་བྱས་གྲངས་དུང་ཕྱུར་5ཡིན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།མེ་བྱ་ལོའི་ལོ་གསར་རྟེན་འབྲེལ་ཞུ་བའི་དྲན་རྟེན་དངུལ་སྒོར་ཐོག་མར་འགྲེམས་སྤེལ་བྱས་ཤིང་
པེ་ཅིང་གྲོང་ཁྱེར་གྱི་གྲོང་མི་ཚོས་སྟར་བསྒྲིགས་ནས་བརྗེ་བ།
      

    ཕྱོགས་བསྡུས་གསར་འགྱུར།