འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཐད་གཏོགས་མཐོ་སློབ་འཛུགས་སྐྱོང་ལས་གྲྭའི་དོ་དམ་རྩིས་བཤེར་ཁྱོན་ཡོངས་ལ་ཁྱབ་རྒྱུ་
    ལག་ལེན་བསྟར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སློབ་གསོ་པུས་མཐོ་སློབ་འཛུགས་སྐྱོང་ལས་གྲྭའི་དོ་དམ་རྩིས་བཤེར་ཐད་ཁྱོན་ཡོངས་ལ་ཁྱབ་པ་གཉིས་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནི་རྣམ་གྲངས་རིགས་ཁྱོན་ཡོངས་ལ་ཁྱབ་དགོས། དེའང་མཐོ་སློབ་ཀྱི་མ་དངུལ་སྣ་ཚོགས་ཀྱི་ཡོང་ཁུངས་ཡིན་པའི་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན། དེ་བཞིན་ཉམས་གསོའི་ལས་གྲྭ་ཚང་མ་རྩིས་བཤེར་ཁྱབ་ཁོངས་སུ་འཇུག་དགོས་པ་དང་། གཉིས་ནི་རྣམ་གྲངས་བརྒྱུད་རིམ་ཁྱོན་ཡོངས་སུ་ཁྱབ་དགོས། ལས་གྲྭ་འཛུགས་སྐྲུན་གྱི་མ་འཇོག་རྣམ་གྲངས་འཛུགས་པ་དང་། རྩད་ཞིབ་ཇུས་འགོད། ཨར་སྐྲུན་གྲ་སྒྲིག། ཨར་སྐྲུན་བྱེད་རིམ། ལས་མཇུག་སྒྲིལ་བའི་ཞིབ་བཤེར་རྩིས་ལེན་སོགས་དུས་མཚམས་ཁག་གི་ལས་སྒོ་དང་དོ་དམ་བྱེད་སྒོ་ཚང་མ་རྩིས་བཤེར་ཁྱབ་ཁོངས་སུ་འཇུག་དགོས་པ་བཅས་ཡིན། དེ་ནི་ཚེས་30ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།
         ཉེ་ཆར་སློབ་གསོ་པུས་《ཐད་གཏོགས་མཐོ་སློབ་འཛུགས་སྐྱོང་ལས་གྲྭའི་དོ་དམ་རྩིས་བཤེར་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)དཔར་འགྲེམས་བྱས་ཤིང་། 《བསམ་འཆར་》ནང་མཐོ་སློབ་ཁག་གིས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། སྤྱི་འདོམས་བཀོད་སྒྲིག གཙོ་གནད་མངོན་གསལ། དངོས་ཕན་ལ་སྣང་ཆེན་བཅས་བྱས་ཏེ་ལག་ལེན་ཆོག་འཐུས་ཀྱི་དུས་ཚོད་རེའུ་མིག་བཟོས་པ་དང་བརྟན་པོའི་ངང་སྐུལ་སྤེལ་བཏང་ནས་རྩིས་བཤེར་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པའི་དམིགས་ཚད་རིམ་པས་བསྒྲུབ་དགོས་པ་བསྟན་ཡོད།
        སློབ་གསོ་པུའུ་ནོར་དོན་སིའི་འབྲེལ་ཡོད་འགན་འཁུར་བས་《བསམ་འཆར་》ནང་དོ་དམ་རྩིས་བཤེར་བྱེད་སྟངས་བཏོན་ནས་འཛུགས་སྐྱོང་ལས་གྲྭའི་དོ་དམ་རྩིས་བཤེར་ལ་བླང་བྱ་ཞིབ་ཕྲ་བཏོན་པ་དང་མཐོ་སློབ་ལ་མཛུབ་ཁྲིད་བྱས་ནས་ལས་རྗེས་ལ་སྔར་བས་སྣང་ཆེན་བྱས་པ་དང་། རྩིས་བཤེར་གྱི་གཙོ་གནད་མངོན་གསལ་དོད་པོར་བཞག་པ། འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་པ། རྩིས་བཤེར་ལམ་སྲོལ་གསར་གཏོད་བྱས་ནས་ནང་ཁུལ་ཚོད་འཛིན་འཐུས་ཚང་དང་། དོ་དམ་གྱི་འགན་འཁྲི་དོན་འཁྱོལ། ཐོན་ཁུངས་ཀྱི་ལས་རྗེས་མཐོ་རུ་གཏོང་རྒྱུ་བཅས་ལ་སྐུལ་མ་གཏོང་བའི་དམིགས་ཡུལ་བསྒྲུབ་དགོས་པ་བསྟན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།