འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེན་ཅིན་ཁྲེན་མཚོ་སྔོན་ཞིང་ཆེན་གྱི་འགན་འཛིན་གཞོན་པར་བསྐོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 11:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐེན་ཅིན་ཁྲེན་མཚོ་སྔོན་ཞིང་ཆེན་གྱི་འགན་འཛིན་གཞོན་པར་བསྐོས་པ།
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་དུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཟླ་དང་པོའི་ཚེས་5ཉིན། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་32པའི་ཐོག་ཐེན་ཅིན་ཁྲེན་(田锦尘)མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགན་འཛིན་གཞོན་པར་བསྐོས་པ་རེད།
            མི་དམངས་དྲ་བའི་ས་གནས་འགོ་ཁྲིད་ཀྱི་ཡིག་ཚགས་སུ་མངོན་པ་ལྟར་ན། དེ་སྔོན། ཐེན་ཅིན་ཁྲེན་གྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནུབ་རྒྱུད་གསར་སྤེལ་ཁང་གི་འགན་འཛིན་པའི་འགན་ཁུར་ཡོད་པ་རེད།
           ཐེན་ཉིན་ཁྲེན་གྱི་ལོ་རྒྱུས་མདོར་བསྡུས།
           ཐེན་ཅིན་ཁྲེན། རྒྱ་རིགས། 1963ལོར་སྐྱེས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་འཆར་འགོད་ཁང་གི་་འགན་འཛིན་གཞོན་པ་དང་ནུབ་རྒྱུད་གསར་སྤེལ་ཁང་གི་འགན་འཛིན་པའི་འགན་ཁུར་མྱོང་བ་དང་། 2017ལོའི་ཟླ་དང་པོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགན་འཛིན་གཞོན་པའི་འགན་ཁུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།