འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅༎ན་ནིང་ལོར་འཛམ་གླིང་ཡོངས་སུ་གཟའ་འཁོར་རེར་གསར་འགྱུར་ལས་ཀ་བྱེད་མཁན་3རེ་
    རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་5ཉིན་སྤྱི་ཁྱབ་པུའུ་ཇེ་ནེ་ཝ་རུ་བཙུགས་པའི་སྨྱན་སྦྱོར་ལྟ་ཞིབ་ལས་ཁུངས་ཀྱིས"གསར་འགྱུར་མཚོན་རྟགས་ལས་འགུལ"ཞེས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ་2016ལོར་འཛམ་གླིང་ཡོངས་སུ་གསར་འགྱུར་ལས་ཀ་བྱེད་མཁན་ཁྱོན་བསྡོམས་156རྐྱེན་ལམ་དུ་ཤོར་ཤིང་། ཆ་སྙོམས་བྱས་ན་གཟའ་འཁོར་རེར་སྨྱན་སྦྱོར་ལས་ཀ་བྱེད་མཁན་3རེ་རྐྱེན་ལམ་དུ་ཤོར་ཡོད་ཅེས་བརྗོད་པ་རེད།
         སྙན་ཞུའི་ནང་དུ་ལས་ཁུངས་འདིས་གྲངས་ཀ་འདི་བསྡོམས་རྩིས་བྱེད་འགོ་ཚུགས་ནས་ལོ་10རིང་ལ་ན་ནིང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དེས་ཟིན་ཐོ་མཐོ་ཤོས་ཟིན་ཞིང་། 2016ལོ་ནི་སྨྱན་སྦྱོར་ལས་སྒྲུབ་མི་སྣའི་བདེ་འཇགས་ངོས་ནས་མུན་ནག་ཆེ་ཤོས་ཀྱི་ལོ་ཞིག་ཆགས་ཡོད་ཅེས་བརྗོད་པ་རེད།
         སྙན་ཞུ་ལས་མངོན་པ་ལྟར་ན། 2016ལོའི་གསར་འགྱུར་ལས་ཀ་བྱེད་མཁན་ཁྲོད་ཀྱི་རྐྱེན་ལམ་དུ་ཤོར་བ་མང་ཆེ་བ་ནི་དམག་འཁྲུག་གིས་བརྙས་བཅོས་གཏོང་སའི་རྒྱལ་ཁབ་དང་ས་ཁུལ་དུ་བྱུང་བ་ཡིན་ཞིང་། གཞན་ཡང་འདས་ཟིན་པའི་ལོ་5ཡི་རིང་ལ་སུ་རུ་ཡ་རུ་ཉུང་མཐར་ཡང་གསར་འགྱུར་ལས་ཀ་བྱེད་མཁན་110རྐྱེན་ལམ་དུ་ཤོར་བ་རེད།
       "གསར་འགྱུར་མཚོན་རྟགས་ལས་འགུལ"ནི་2004ལོར་བཙུགས་པ་དང་། དེ་ནི་ཁེ་གཉེར་མིན་པའི་འཛམ་གླིང་ཡོངས་ཀྱི་སྨྱན་སྦྱོར་ལྟ་ཞིབ་ལས་ཁུངས་ཤིག་ཡིན་ལ། དམིགས་ཡུལ་ནི་དམངས་ཚོགས་དང་། སྨྱན་སྦྱོར་ལས་ཁུངས། ཚོགས་པ་གཞན་དག་སོགས་ལ་སྐུལ་སློང་བྱེད་པར་བརྟེན་ནས་གསར་འགྱུར་ལས་ཀ་བྱེད་མཁན་རྣམས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་དགོས་པའི་རེ་འབོད་བྱ་རྒྱུའི་ཆེད་དུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།