འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།"བོད་ལྗོངས་རྟགས་ཅན"གྱི་དུས་གཏན་མེ་འཁོར་ཐོག་མ་ཀྲེ་ཅང་ཉིང་པོ་རུ་བདེ་བླག་ངང་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའིའ་འཕྲིན། ཟླ་1ཚེས་4ཉིན། “འཛམ་གླིང་ཡང་རྩེའི”བོད་ལྗོངས་ནས་རྡོག་ཐོན་བྱས་པའི་དུས་གཏན་མེ་འཁོར་ཐོག་མ“བོད་ལྗོངས་རྟགས་ཅན”བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཧྲའན་ཤིས། ཧོ་ནན། ཨན་ཧུའེ། ཀྲེ་ཅང་སོགས་ས་གནས་བརྒྱུད་དུས་ཡུན་ཉིན་5དང་ལམ་ཐག་སྤྱི་ལེ་4500བསྐྱོད་ནས་བོད་མི་དམངས་ཀྱི་ལོ་གསར་གྱི་སྨོན་འདུན་མཚོན་བཞིན་དུ་ཉིང་པོའི་པེ་ལུན་གྲུ་ཁར་བདེ་བླག་ངང་འབྱོར་བ་དང་ཚེས་4ཉིན་གྱི་སྔ་དྲོ་མེ་འཁོར་ལ་བསུ་བ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
        “བོད་ལྗོངས་རྟགས་ཅན”གྱི་དུས་གཏན་མེ་འཁོར་ཐོག་མ་དེར་འཁོར་སྒྲོམ་35ཡོད་པ་དང་བསྡོམས་དོས་སྒམ་70TEUཡི་དངོས་ཟོག་ས་ཚིགས་སུ་འབྱོར་རྗེས་ཉིང་པོའི་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་ཟོག་འགྲེམས་ཀྱིས་གཞུང་ལམ་དང་ཆུ་ཐོག་དབོར་འདྲེན་གྱི་དབོར་འདྲེན་བྱེད་ཐབས་བརྒྱུད་ཧྲང་ཧའེ་དང་ཀྲེ་ཅང་སོགས་མཐའ་མའི་ས་ཚིགས་སུ་དབོར་གྱི་ཡོད་པ་རེད།
         སྦྲེལ་ཟམ་ཞིག་ཡིན་པའི་ངོས་ནས“བོད་ལྗོངས་རྟགས་ཅན”གྱི་དུས་གཏན་མེ་འཁོར་ཐོག་མ་དེས་ལྷ་ས་དང་ཉིང་པོ་གྲུབ་འབྲས་ཐོབ་པའི་ངང་སྦྲེལ་མཐུད་ཐུབ་ནས་ཟོག་འགྲེམས་ཀྱི་བགྲོད་ལམ་གསར་པ་ཞིག་བཏོད་ཡོད། དུས་ཡུན་རིང་པོའི་ནང་ནང་སའི་གྲོང་ཁྱེར་དང་བར་ཐག་རིང་བ་དང་། མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པ། དབོར་འདྲེན་བར་ཐག་རིང་བ་སོགས་དངོས་ཡོད་གནད་དོན་གྱི་ཚོད་འཛིན་ཐེབས་ནས་བོད་ལྗོངས་དང་ལྗོངས་ཕྱིའི་དངོས་ཟོག་སྤེལ་རེས་བྱེད་ཚད་དམའ་པོ་ཡོད། “བོད་ལྗོངས་རྟགས་ཅན”གྱི་དུས་གཏན་མེ་འཁོར་ཐོག་མ་དེས་ལྕགས་ལམ་དང་དོས་སྒམ་ཟུང་དུ་འབྲེལ་བའི་དབོར་འདྲེན་དཔེ་དབྱིབས་སྤྱད་དེ་དབོར་འདྲེན་གྱི་མ་གནས་ཆེས་ཆེར་ཆུང་དུ་བཏང་བ་དང་འགྲིམ་འགྲུལ་གྱི་མ་གནས་ཚད་བརྒལ་བྱེད་པའི་དོན་དམ་པའི་གོམ་པ་ཞིག་སྤོས་པ་དེས་ལམ་རྒྱུད་ཀྱི་དངོས་ཟོག་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་བོད་དང་ཐ་ན་ཀྲུང་གོའི་ནུབ་རྒྱུད་ཀྱི་དངོས་ཟོག་འཁོར་རྒྱུག་གི་བཀོད་པ་ཆེན་པོ་ཞིག་གཏོད་ཐུབ་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།