འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་ཟུར་གསུམ་ས་ཁུལ་ནས་ཁུན་མིང་དབར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་
    གཏོང་འགོ་ཚུགས་པ།

     ཡུན་ནན་དང་ཀུའེ་ཀྲོའུ་ཁ་ཕྱོགས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་ནུས་41.7%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་4ཉིན་ཧྲང་ཧའེ་ལྕགས་ལམ་ཅུས་ནས་ཤེས་རྟོགས་བྱུང་བར། ལྕགས་ལམ་སྡེ་ཚན་གྱིས་ཟླ་1ཚེས་5ཉིན་ནས་འཁོར་རྒྱུག་ས་བཀྲ་གསར་པ་ལག་བསྟར་བྱས་ཏེ་ཧྲང་ཧའེ་ལྕགས་ལམ་ཅུས་ཀྱིས་འགྲུལ་སྐྱེལ་མེ་འཁོར་ཆ་11མང་དུ་བཏང་བ་དང་། འཁོར་རྒྱུག་ས་བཀྲ་གཏན་འཁེལ་བྱུང་ནས་འགྲོ་འོང་འགྲུལ་སྐྱེལ་མེ་འཁོར་གྱི་བསྡོམས་འབོར་ཆ་898ཟིན་པ། ཟླ་1ཚེས་5ཉིན་འབྲི་ཆུའི་ཟུར་གསུམ་ས་ཁུལ་ནས་ཁུན་མིང་དབར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་གཏོང་འགོ་ཚུགས་པ་བཅས་བྱས་ཡོད།
        ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་2016ལོའི་ཟླ་12ཚེས་28ཉིན་ཤར་གཏོང་ཐུབ་པ་དང་2017ལོའི་ཟླ་1ཚེས་5ཉིན་ནས་བཟུང་འབྲི་ཆུའི་ཟུར་གསུམ་ས་ཁུལ་ནས་ཁུན་མིང་དབར་ཐད་ཀར་བསྐྱོད་པའི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་འབྲེལ། ཉིན་གསུམ་འགོར་བའི་མྱུར་བགྲོད་ལྕགས་ལམ་དཀྱུས་མ་ནས་ཉིན་གཅིག་ལ་སླེབས་པའི་མྱུར་བགྲོད་ལྕགས་ལམ་བར་འགྱུར་ལྡོག་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།