འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།གཟའ་འཁོར་འདིར་བོད་ལྗོངས་ཀྱི་ས་ཆ་མང་ཆེ་བར་དྲོད་ཚད་མཐོ་ལ་རླུང་ཤུགས་ཀྱང་ཆེ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ལས་ཤེས་རྟོགས་བྱུང་གསལ་དུ། གཟའ་འཁོར་འདིར་རང་སྐྱོང་ལྗོངས་ཀྱི་ས་ཆ་མང་ཆེ་བར་དྲོད་ཚད་མཐོ་ཞིང་། རླུང་ཤུགས་ཀྱང་ཆེ་བའི་གནམ་གཤིས་མངོན་གསལ་དོད་པས། འབྲེལ་ཡོད་སྡེ་ཁག་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་གཟབ་དགོས་པ་རེད།
        རང་སྐྱོང་ལྗོངས་ཀྱི་གནམ་གཤིས་བརྟག་དཔྱད་ཁང་གི་སྔོན་དཔག་ལ་གཞིགས་ན། གཟའ་ཟླ་བ་ནས་གཟའ་ལྷག་པ་བར་ལ། ཉིང་ཁྲི་དང་མངའ་རིས་ཁུལ་དུ་གནམ་འཐིབས་ཚུལ་མང་ཞིང་། ས་ཆ་གཞན་དུ་སྤྲིན་པ་ཉུང་ཞིང་གནམ་དྭངས། གཟའ་པ་སངས་ནས་གཟའ་ཉི་མ་བར་ལ། ཉིང་ཁྲི་དང་ནག་ཆུའི་ཤར་ཕྱོགས། ཆབ་མདོ་བཅས་སུ་སྤྲིན་པ་མང་ཞིང་། ས་ཁུལ་ཁ་ཤས་སུ་ཁ་བ་(ཆར་པ་)ཉུང་ངུ་འབབ་རྒྱུ། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཁུལ་དུ་ཁ་བ་(ཆར་པ་)འབྲིང་བ་དང་། ས་ཁུལ་གཞན་དུ་སྤྲིན་པ་ཉུང་བ་ནས་མང་པོ་འཁྲིགས་རྒྱུ་ཡིན་པ་མ་ཟད། དྲོད་ཚད་ཧྲེ་ཧྲུ་ཏུའུ་3-5ཆག་རྒྱུ་རེད། གཟའ་འཁོར་འདིའི་ནང་བྱང་ཐང་ཁུལ་དང་གཞིས་རྩེའི་ལྷོ་ནུབ་ཁུལ་ཏུ་ལྷགས་པ་རིམ་པ་7རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་གཤོངས་སའི་ཁུལ་ཏུ་ལྷགས་པ་རིམ་པ་5རྒྱག་རྒྱུ། གཟའ་འཁོར་འདིར་ལྗོངས་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཆ་སྙོམས་རྒྱུན་ལྡན་ལས་མཐོ་བ་ཡོད།
         གནམ་དཔྱད་མཁས་དབང་གིས་གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ས་ཁུལ་མང་ཆེ་བར་དྲོད་ཚད་མཐོ་ལ། རླུང་ཤུགས་ཆེ་བའི་གནམ་གཤིས་མངོན་གསལ་དོད་པས་འབྲེལ་ཡོད་སྡེ་ཁག་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་པའི་ལས་ཀ་ཡག་པོར་བསྒྲུབས་ནས། ཕྱི་ལོག་ཏུ་མེ་སྤྱོད་རིགས་ལ་དོ་དམ་ནན་པོར་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། གཞན་ཡང་། ད་ལྟ། ནག་ཆུ་དང་ཉིང་ཁྲི། ཆབ་མདོ་སོགས་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཁུལ་དུ་ཁ་བ་མང་བས། ཁ་བ་མང་སའི་ལམ་བར་དུ་འགྲིམ་བསྐྱོད་བྱེད་དུས་ཡིད་གཟབ་བྱེད་དགོས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།