འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་པུས་གོ་ལ་ཧྲིལ་པོར་2017ལོའི"དགའ་སྐྱིད་ལྡན་པའི་དཔྱིད་གསར་དུས་
    ཆེན"བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་རིག་གནས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འཐབ་ཇུས་དང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ལས་ཀའི་སྤྱི་ཡོངས་དང་ཟུང་འབྲེལ་བྱས་ནས་2017ལོའི“དགའ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན”དེ་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་སྟོབས་ཤུགས་དང་ཕྱོགས་མང་མཉམ་ལས་ལམ་སྲོལ་ལ་བརྟེན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཐོན་ཁུངས་གཅིག་འདོམས་བྱེད་པ། གཙོ་གནད་ཐོག་ས་ཁོངས་ཀྱི་འཕེལ་རྒྱས་ཁ་ཕྱོགས་འབུར་དུ་ཐོན་པ་བཅས་བྱས་ནས་དམིགས་བསལ་ཁྱད་ཆོས་ལྡན་པ་དང་བཀྲག་མདངས་འཚེར་ས་ཡོད་པའི“དགའ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་གོ་ལ་ཧྲིལ་པོའི་བཀོད་སྒྲིག་ཆགས་རེ་བྱས་ནས་འཛམ་གླིང་ལ་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་མང་པོ་ལྡན་པའི“ཀྲུང་གོའི་གསར་གཏོད”དང“ཀྲུང་གོའི་གསར་གཏོད་བྱེད་སེམས”ངོ་སྤྲོད་བྱ་རྒྱུ་རེད།
        2001ལོ་ནས་བཟུང་། རིག་གནས་པུས“དཔྱིད་གསར་དུས་ཆེན་གྱི་སྤུས་རྟགས”གཏོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་ནས་ལོ་ལྟར་རིག་རྩལ་ཚོགས་པ་མངགས་ཏེ་ལོན་ཏོན་དང་། ཕ་རི་སི། ཉིའུ་གཡོད། པང་ཁོག་སོགས་སུ་ས་གནས་དེ་གའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པས་རྒྱ་ཆེའི་ཕྱི་རྒྱལ་མང་ཚོགས་ཀྱི་དགའ་བསུ་དང་དགའ་གཅེས་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།