འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་དཔལ་ལྷའི་རི་རབ་དུས་ཆེན་བསུ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་14ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་སུ་དཔལ་ལྷའི་རི་རབ་དུས་ཆེན་བསུ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་ནི་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་ཡིན་ཞིང་། ཉིན་དེ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་དཔལ་ལྷའི་གསོལ་མཆོད་ཡིན་པ་དང་། དེ་ལ་ལྷ་མོའི་དུས་ཆེན་ནམ་དཔལ་ལྷའི་དུས་ཆེན་སོགས་ཀྱང་འབོད་སྲོལ་ཡོད་པ་རེད། དེ་ཡང་ངག་རྒྱུན་དུ་བོད་བརྒྱུད་ནང་བསྟན་ཀྱི་སྲུང་མ་དཔལ་ལྡན་ལྷ་མོའི་སྲས་མོ་དཔལ་ལྷ་མོ་ཡིས་ཡུམ་ཆེན་གྱི་བཀའ་ལ་མ་གསན་པར་ལྐོག་ཏུ་གྲིབ་རྫོང་བཙན་དང་གཏན་གྲོགས་ཀྱི་དམ་བཅའ་བཞག་པས། དེར་དཔལ་ལྡན་ལྷ་མོ་ཁྲོ་ནས་གྲིབ་རྫོང་བཙན་སྐྱིད་ཆུའི་ལྷོ་ཕྱོགས་སུ་བསྐྲད་པ་དང་། ལོ་རེའི་བོད་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་ཁོ་ནར་དཔལ་ལྷ་མོའི་སྐུ་འདྲ་གཙུག་ལག་ཁང་ནས་གདན་འདྲེན་ཞུས་ཏེ། གྲིབ་རྫོང་བཙན་དང་སྐྱིད་ཆུའི་ཕར་ཚུར་ནས་ཕན་ཚུན་ཞལ་མཇལ་དུ་བཅུག་པ་དང་། དད་ལྡན་མང་ཚོགས་ཀྱིས་མཆོད་འབུལ་དང་ཕྱག་འཚལ་བའི་བཤད་སྲོལ་ཡོད་པ་རེད། དེར་བརྟེན་དུས་ཆེན་འདི་ནི་ཕོ་མོའི་བར་བརྩེ་དུང་སྟོན་པའི་དུས་ཆེན་ལའང་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཉིན་དེར་ལུས་ལ་གཟབ་མཆོར་སྤྲས་ཤིང་ཚོན་མདོག་སྣ་ལྔའི་ལན་བུ་སླས་པའི་བོད་པའི་བུ་མོ་རྣམས་གཙུག་ལག་ཁང་དུ་དཔལ་ལྷ་མོའི་སྐུ་ལ་ཕྱག་འཚལ་བར་འགྲོ་བཞིན་ཡོད་པ་རེད།
    【1】  【2】  【3】
    ༄༅།།བོད་ལྗོངས་སུ་དཔལ་ལྷའི་རི་རབ་དུས་ཆེན་བསུ་བ།
      

    ཕྱོགས་བསྡུས་གསར་འགྱུར།