འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཕན་ཅི་ཝུན་གྱིས་ལི་པི་ཡའི་ཕྱོགས་ཁག་ཚང་མས་མིག་སྔའི་ཉམས་ཉེན་ཐུན་མོང་ཐོག་ཐག་
    གཅོད་བྱེད་དགོས་ཞེས་སྐུལ་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་17ཉིན། ཚེས་17ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་《ལི་པི་ཡའི་ཆབ་སྲིད་གྲོས་མཐུན་》ལ་མིང་རྟགས་བཀོད་ནས་ལོ་གཅིག་འཁོར་བར་གསལ་བསྒྲགས་སྤེལ་སྐབས་ལི་པི་ཡའི་ཕྱོགས་ཁག་ཚང་མས་ཆབ་སྲིད་ཀྱི་འཕེལ་རིམ་ནང་ཞུགས་ནས་མིག་སྔའི་ཉམས་ཉེན་ཐུན་མོང་ཐོག་ཐག་གཅོད་བྱེད་དགོས་པའི་རེ་འབོད་བྱས་པ་རེད།
         གསལ་བསྒྲགས་ནང་ལོ་གཅིག་གོང་གི་དེ་རིང་《ལི་པི་ཡའི་ཆབ་སྲིད་གྲོས་མཐུན་》ལ་མོ་རོ་ཁོར་མིང་རྟགས་བཀོད་ཡོད་ཅེས་འཁོད་ཡོད་པ་རེད། ལོ་གཅིག་རིང་ལི་པི་ཡའི་མི་དམངས་ཀྱིས་ཞི་བའི་མཐུན་འགྲིག་དང་བསྟུན་མཁས་ཀྱི་སྙིང་སྟོབས་ཐོག་ནས་ཆབ་སྲིད་ཀྱི་འཕེལ་རིམ་ནང་ཞུགས་པར་ཕན་ཅི་ཝུན་གྱིས་བསྔགས་བརྗོད་བྱས་པ་དང་། ལོ་གཅིག་ནང་ལི་པི་ཡས་ཙུང་ལིའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་རྡོ་སྣུམ་ཐོན་ཚད་འཕར་ཡོད་ལ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ཐད་ལའང་འཕེལ་རིམ་གལ་ཆེན་ཐོན་ཡོད་ཅེས་བསྟན་པ་རེད།
        དེ་དང་ཆབས་ཅིག་ཕན་ཅི་ཝུན་གྱིས་《ལི་པི་ཡའི་ཆབ་སྲིད་གྲོས་མཐུན་》དོན་འཁྱོལ་ཐུབ་ཚད་སྔར་བཞིན་འགོར་པོ་ཡོད་པས་ལི་པི་ཡའི་མི་དམངས་ལ་མཁོ་བའི་བརྟན་ལྷིང་དང་བདེ་འཇགས་བྱུང་མེད་ཅེས་བརྗོད་པ་དང་། ཁོང་གིས་མིག་སྔར་ཆབ་སྲིད་ཀྱི་འཕེལ་རིམ་ནང་ཞུགས་མེད་པའི་ཕྱོགས་ཁག་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་ཉམས་ཉེན་ཐག་གཅོད་ཐུབ་རྒྱུ་འཚོལ་བའི་འབད་བརྩོན་ནང་ཞུགས་རྒྱུའི་སྐུལ་མ་བཏང་བ་དང་འབྲེལ་བརྒྱུད་རིམ་དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པི་ཡའི་མི་དམངས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།