འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རིགས་གཅིག་མཁས་ཅན་གྱིས་ཁྱད་ལྡན་གྲོང་སྡེ་ཆུང་ངུ་བསྐྲུན་པར་ཆུང་ངུ་དང་མཛེས་པོར་
    དང་དོད་བྱེད་དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་17ཉིན། པེ་ཅིང་དུ་འཚོགས་པའི་ཁྱད་ལྡན་གྲོང་སྡེ་ཆུང་ངུ་སྐྱེད་སྲིང་གི་བཞུགས་མོལ་ཚོགས་འདུ་དང་ཁྱད་ལྡན་གྲོང་སྡེ་ཆུང་ངུ་འཛུགས་སྐྲུན་གྱི་ཡོངས་བསྒྲགས་ཚོགས་འདུ་རིམ་གྲས་ཐོག ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་ཅན་གྱིས་ཁྱད་ལྡན་གྲོང་སྡེ་ཆུང་ངུར་ཐོན་ལས་དང་། རིག་གནས། ཡུལ་སྐོར། སྡེ་ཁུལ་བཅས་ཀྱི་ནུས་པ་རུབ་འདུས་བྱེད་དགོས་པ་དང་། ཐོན་སྐྱེད་དང་། སྣོད་བཅུད། འཚོ་བ་བཅས་མཉམ་འདྲེས་བྱེད་དགོས་པ་དང་། ཁྱད་ལྡན་གྲོང་སྡེ་ཆུང་ངུ་བསྐྲུན་པར་ཆུང་ངུ་དང་མཛེས་པོ་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་ལས་ཆེན་པོ་དང་ཆ་ཚང་པོ་ནི་ཁྱད་ལྡན་གྲོང་སྡེ་ཆུང་ངུ་མ་ཡིན་ཞེས་བརྗོད་པ་རེད།
        ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་ཅན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ཁུངས་དང་གནད་ཆེའི་རྒྱུ་རྐྱེན་གྱི་ཕྱོགས་གཉིས་པོའི་འཁོར་རྒྱུག་དང་བསྟུན་ནས་ལོ་རྒྱུས་རིག་གནས་དང་། གྲོང་གསེབ་ཀྱི་རྣམ་པ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། སྔོ་ཞིང་དྭངས་པའི་རི་ཆུ། སྲོལ་རྒྱུན་གྱི་བཟོ་སྐྲུན་སོགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱད་ལྡན་གྲོང་སྡེ་ཆུང་ངུ་ལས་ད་ཆ་གནས་སྡོད་དང་། ལས་ཞུགས། ཡུལ་སྐོར་བཅས་དང་འཚམས་པའི་ལེགས་ཆ་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས་གྲོང་ཁྱེར་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་རྒྱུན་མཐུད་བྱས་ཡོད་ཅེས་བརྗོད་པ་རེད།
        རིགས་གཅིག་མཁས་ཅན་གྱིས་ཁྱད་ལྡན་གྲོང་སྡེ་ཆུང་ངུ་བསྐྲུན་པར་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་སྲུང་བརྩི་བྱེད་དགོས་པ་དང་། རང་ངོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཐོན་ལས་ཀྱི་ངེས་གནས་གནད་འཕིགས་འཚོལ་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་དགོས་པ། ཐོན་ལས་ཀྱི་ཁྱད་ཆོས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་ཞིབ་ཕྲ། སྣོད་བཅུད་ཀྱི་ལྷན་སྐྱེས་རིག་པ་བཅས་སྔོགས་འདོན་བྱེད་དགོས་ཞེས་བརྗོད་པ་རེད།
         ཁྱད་ལྡན་གྲོང་སྡེ་ཆུང་ངུ་སྐྱེད་སྲིང་གི་བཞུགས་མོལ་ཚོགས་འདུ་དང་ཁྱད་ལྡན་གྲོང་སྡེ་ཆུང་ངུ་འཛུགས་སྐྲུན་གྱི་ཡོངས་བསྒྲགས་ཚོགས་འདུ་རིམ་གྲས་དེ་ཀྲུང་གོ་ས་ཁང་བདག་དབང་ཐོན་ལས་མཐུན་ཚོགས་སོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།