འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་འབྲི་གཡག་གི་སྒྱུ་རྩལ་བརྩམས་ཆོས་500ལྷག་ཙམ་རྒྱལ་སའི་རྟེན་རྫས་བཤམས་
    མཛོད་ཁང་དུ་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་17ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ཀྱི་འབྲི་གཡག་གི་སྒྱུ་རྩལ་བརྩམས་ཆོས་500ལྷག་ཙམ་རྒྱལ་སའི་རྟེན་རྫས་བཤམས་
མཛོད་ཁང་དུ་འགྲེམས་སྟོན་བྱས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན། བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་དང་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་གིས་མཉམ་དུ་སྤེལ་བའི་《འབྲི་གཡག་པེ་ཅིང་དུ་བསྐྱོད་པ། ས་མཐོའི་འབྲི་གཡག་རིག་གནས་འགྲེམས་སྟོན་》ཞེས་པ་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་དངོས་པོའི་ནང་འབྲི་གཡག་གི་དངོས་དཔེ་དང་འབྲི་གཡག་དང་འབྲེལ་བའི་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས། དེ་བཞིན་འབྲི་གཡག་དང་འབྲེལ་བའི་སྒྱུ་རྩལ་བརྩམས་ཆོས་500ལྷག་ཙམ་ཡོད་པ་རེད། འབྲི་གཡག་གིས་མཚོ་བོད་ས་མཐོའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གྲུབ་ཡོད། འབྲི་གཡག་ནི་ས་མཐོའི་འབྲོག་པའི་ཟས་གོས་སྡོད་གསུམ་དང་། དབོར་འདྲེན། འབུད་རྫས། རྨོ་འདེབས་བཅས་ཚང་མར་མེད་དུ་མི་རུང་བ་ཞིག་ཡིན། འགྲེམས་སྟོན་2017ལོའི་ཟླ་3ཚེས་15ཉིན་བར་སྤེལ་རྒྱུ་ཡིན་ཞིང་། འདི་ནི་གཟིགས་མོ་བས་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་《འབྲི་གཡག་པེ་ཅིང་དུ་བསྐྱོད་པ། ས་མཐོའི་འབྲི་གཡག་རིག་གནས་འགྲེམས་སྟོན་》ཞེས་པར་ལྟ་བའི་གནས་ཚུལ་ཡིན་པ།
        ལོ་ཁྲི་4.5ཡི་གོང་གི་གནའ་བོའི་འབྲི་གཡག་གི་འགྱུར་རྡོ་དང་། ལོ་4000གོང་གི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་བྲག་བརྐོས་རི་མོ། ལོ་2000གོང་གི་གསེར་འབྲོང་གི་རྒྱན་ཆས། ལོ་1000གོང་གི་བསྲེས་ལྕགས་ལུགས་རྒྱག་མའི་སྒྲིག་ཆས། ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་ལྡེབས་རིས་དང་ཐང་ག ཆིང་རྒྱལ་རབས་ཀྱི་ལག་བྲིས་རི་མོ་འབྲི་གཡག་གི་ཁ་བཏགས་སོགས་འབྲི་གཡག་དང་འབྲེལ་བ་ཡོད་པའི་སྒྱུ་རྩལ་བརྩམས་ཆོས་500ལྷག་ཙམ་ཚེས་15ཉིན་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་རེད།
        ད་རེས་འགྲེམས་སྟོན་བྱས་པའི་བརྩམས་ཆོས་ནང་འབྲི་གཡག་གི་མ་དཔེ་དང་འབྲི་གཡག་དང་འབྲེལ་བ་དམ་ཟབ་ཡོད་པའི་ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆས་དང་བཟོས་རྫས་དང་དེ་བཞིན་འབྲི་གཡག་དང་འབྲེལ་བ་ཡོད་པའི་གནའ་སྔ་མོ་དང་དེང་རབས་ཀྱི་སྒྱུ་རྩལ་བརྩམས་ཆོས་500ལྷག་ཙམ་ཡོད་པ་དང་འགྲེམས་སྟོན་དེ“འབྲི་གཡག་གི་གསང་བ་འཚོལ་བ”དང“འབྲི་གཡག་དང་འགྲོགས་པ”“འབྲི་གཡག་གི་མཛེས་ཉམས”“འབྲི་གཡག་གི་དར་སྲོལ”བཅས་ཁག་བཞི་ལ་དབྱེ་ཡོད།
    【1】  【2】  【3】  【4】
    ༄༅།།བོད་ཀྱི་འབྲི་གཡག་གི་སྒྱུ་རྩལ་བརྩམས་ཆོས་500ལྷག་ཙམ་རྒྱལ་སའི་རྟེན་རྫས་བཤམས་
མཛོད་ཁང་དུ་འགྲེམས་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།