འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀ་པོན་གྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་མ་འཇོག་བྱེད་རེ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོར་ཀ་པོན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ལི·པང་ཀོ·ཝུང་ཏིང་པས་རྒྱལ་དོན་འཚམས་འདྲི་མ་བྱས་གོང་རྒྱལ་ས་ལེབ་ཝེར་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཀ་པོན་གྱི་ལས་སྣོན་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
         པང་ཀོས་ཀྲུང་གོར་འཚམས་འདྲི་ཐེངས་11གནང་མྱོང་བ་དང་ད་ཐེངས་ཀྲུང་གོར་འཚམས་འདྲི་གནང་བ་དེ་འདི་ལོའི་ཟླ་བརྒྱད་པའི་ཙུང་ཐུང་འདེམས་བསྐོའི་ནང་ཁོང་ལ་ལས་འཁུར་བསྟུད་འཛིན་གྱི་རྒྱལ་ཁ་ཐོབ་ཚུན་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོ་ཕུད་པའི་རྒྱལ་ཁབ་ལ་འཚམས་འདྲི་གནང་ཐེངས་ཐོག་མ་དེ་ཡིན། ཁོང་གིས་ཀྲུང་གོ་ནི་ཀ་པོན་གྱི་མཉམ་ལས་རོགས་ཟླ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཧ་ཅང་ཟབ་མོ་ཡོད་པས། ཀྲུང་གོ་དང་མུ་མཐུད་དཔལ་འབྱོར་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་རེ་བྱེད་ཀྱི་ཡོད་ཅེས་གསུངས། ཁོང་གིས་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་དེ་ཀ་ཀྲུང་འབྲེལ་བ་འཕེལ་རྒྱས་མྱུར་པོ་འགྲོ་བའི་གོ་སྐབས་ཤིག་རེད་ཅེས་གསུངས།
         པང་ཀོས་སྣུམ་རིན་ཆག་པའི་དབང་གིས་མིག་སྔར་ཀ་པོན་གྱི་རྒྱལ་ནང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་མོད། འོན་ཀྱང་དེས་ཀ་པོན་འཕེལ་མེད་རང་གནས་སུ་ལུས་པ་མཚོན་གྱི་མེད། ཀ་པོན་གྱི་དཔལ་འབྱོར་གསོན་ཤུགས་ཀྱིས་མ་འཇོག་མཁན་གྱི་ཡིད་དབང་སྔར་བཞིན་བཀུག་པ་དང་ཀྲུང་གོ་ནི་སྔར་བཞིན་ཀ་པོན་གྱི་དཔལ་འབྱོར་ཚོང་དོན་གྱི་རོགས་ཟླ་གལ་ཆེན་ཞིག་ཡིན་པས་ཀ་པོན་གྱིས་ཀྲུང་གོ་དང་འབྲེལ་བ་ཟབ་མོ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་གསུངས།
         པང་ཀོས་ན་ནིང་གི་ཟླ་12པར་ལྷོ་ཨ་ཧྥེ་རི་ཁར་འཚོགས་པའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ལ་ཚད་མཐོའི་གདེང་འཇོག་གནང་བ་སྟེ། ཁོང་གིས་གཡོད་པའོ་དབུ་ཚོགས་འཚོག་སྐབས་འཛམ་གླིང་དཔལ་འབྱོར་འཕར་ཚད་འགོར་བ་དང་ཏག་ཏག་འཁེལ་ཡོད། དེ་ལྟར་ཡིན་རུང་། ཀྲུང་གོའི་འགོ་ཁྲིད་པར་ཨ་ཧྥེ་རི་ཁར་མ་འཇོག་བྱེད་པའི་སེམས་ཤུགས་སྔར་བཞིན་ཆེན་པོ་ཡོད་པ་དེས་ཨ་ཧྥེ་རི་ཁའི་དཔལ་འབྱོར་ལ་གལ་ཆེའི་དོན་སྙིང་ལྡན་ཡོད། ཀྲུང་གོས་མིག་དཔེ་བཟང་པོ་ཞིག་བཏོན་ཡོད་པས་རྒྱལ་ཁབ་གཞན་གྱིས་དེ་ལྟར་བྱེད་རིན་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།