འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།《ཁ་བ་སྙིང་ལྕགས་ཀྱི་བརྩམས་ཆོས་ཕྱོགས་བསྡུས་》དངོས་སུ་དཔེ་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་12ཉིན། 08:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།《ཁ་བ་སྙིང་ལྕགས་ཀྱི་བརྩམས་ཆོས་ཕྱོགས་བསྡུས་》དངོས་སུ་དཔེ་སྐྲུན་བྱས་པ།
           ཨ་མ་ལགས་ཀྱིས་ངའི་མིང་ནས་སྙིང་ལྕགས་ཞེས་བོས། དེ་ནི་ལོ་ངོ་མང་བོའི་ཡར་སྔོན་གྱི་དགུན་ཁ་ཞིག་ཡིན། དགུན་ཁ་དེར་ཕ་ཡུལ་གྱི་ལུང་བ་དེར་ཁ་བ་མཐུག་པོ་ཞིག་བབས། ང་ནི་གྲང་ལྷགས་ཀྱི་རལ་གྲི་ཤིན་ཏུ་རྣོ་བའི་དུས་ཚིགས་དེར་གོག་ནུར་གྱིས་འཇིག་རྟེན་འདིའི་མགྲོན་དུ་ཡོང་། ངས་རང་གི་མིང་ལ་ཁ་བ་ཞེས་བཏགས། དེ་ནི་ངའི་ཚེ་སྲོག་གི་གཏིང་རུམ་དུ་ཐོག་མ་ནས་བཏབ་པའི་གྲང་ལྷགས་ཀྱི་ས་བོན་ཡིན། ངའི་མིང་ལ་ཁ་བ་སྙིང་ལྕགས་ཟེར།
            ཁ་བ་སྙིང་ལྕགས། ༡༩༨༩ལོར་མཚོ་སྔོན་པའི་འགྲམ་ངོགས་ཅང་ཤེས་ཟླ་ཚང་དུ་སྐྱེས། ༢༠༡༢ལར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། བརྩམས་ཆོས་ལ་ལྷུག་རྩོམ་དེབ་《འབུ་མེ་ལྕེབས་》དང་། བྱིས་སྒྲུང་དེབ་《འབུ་མེ་ལྕེབས》 གཏམ་རྒྱུད་གློག་བརྙན་《ལམ་》དང་དངོས་པར་གློག་བརྙན་《རྫ་ཆུ་ཁའི་བྱིས་པ་》སོགས་ཡོད། ༢༠༡༥ལོའི་ཟླ་༦ཚེས་༢༦ཉིན་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཆེད་རང་སྲོག་བློས་བཏང་། ཡོངས་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
      

    ཕྱོགས་བསྡུས་གསར་འགྱུར།