འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མཁས་དབང་ཚོས་མཛེ་ནད་རྒྱུད་ཁྲིད་རིག་པའི་མཚོན་རྟགས་གསར་པ་
    ཤེས་རྟོགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་17ཉིན། ཉེ་ཆར། ཧྲན་ཏུང་ཞིང་ཆེན་གྱི་ཚན་རིག་པས་འགོ་སླ་བའི་མཛེ་ནད་ཀྱི་གཞི་རྒྱུ་ཁག་4གསར་དུ་ཤེས་རྟོགས་ཐུབ་པ་དང་འབྲེལ་འགོ་སླ་བའི་ནད་ཡམས་ཁྲོད་དབང་རྩའི་ནུས་པའི་འབྲེལ་ཡོད་གཞི་རྒྱུས་ཐོན་པའི་ཕན་ནུས་ཐོག་མར་གསལ་སྟོན་བྱས་པ་རེད།
        ཞིབ་འཇུག་འདི་ནི་ཧྲན་ཏུང་ཞིང་ཆེན་གྱི་གསོ་རིག་ཚན་རིག་ཁང་གི་ཁོངས་སུ་གཏོགས་པའི་ཧྲན་ཏུང་ཞིང་ཆེན་གྱི་པགས་ནད་དང་རེག་ནད་འགོག་བཅོས་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེ་མོ་བ་ཀྲང་ཕུའུ་རེའི་ཞིབ་འཇུག་ཚོགས་པས་ལེགས་གྲུབ་བྱས་པ་ཞིག་རེད།
        མཛེ་ནད་ནི་ནད་དུག་གིས་པགས་པ་དང་ཕྱི་སྐོར་དབང་རྩར་གནོད་དེ་གདོང་ལ་འབར་ཚན་ཐོན་པ་སོགས་ཁྱད་ཆོས་སུ་བྱས་པའི་དལ་བའི་རང་བཞིན་གྱི་འགོ་ནད་ཅིག་ཡིན་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རང་རྒྱལ་གྱི་སྲིད་གཞུང་གིས་གཙོ་གནད་ཐོག་སྔོན་འགོག་ཚོད་འཛིན་བྱེད་པའི་འགོ་ནད་ཅིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།