འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།"འཛམ་གླིང་གི་བོད་རིག་པ་སློབ་གླིང་"བླ་བྲང་བཀྲ་ཤིས་འཁྱིལ་དུ་ལོ་བཞིའི་རིང་ལྷ་
    ཁང་10ཉམས་གསོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་16ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'འཛམ་གླིང་གི་བོད་རིག་པ་སློབ་གླིང་'བླ་བྲང་བཀྲ་ཤིས་འཁྱིལ་དུ་ལོ་བཞིའི་རིང་ལྷ་
ཁང་10ཉམས་གསོ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ལོ་བཞིའི་རིང་ལ་གཞི་རྒྱ་ཆེ་ཞིང་བཀག་སྡོམ་ཕྱེད་ཙམ་གྱིས་ཉམས་གསོའི་ལས་ཀ་བྱས་པ་བརྒྱུད། "འཛམ་གླིང་གི་བོད་རིག་པ་སློབ་གླིང་"ཞེས་མིང་དུ་གྲགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཉེ་སྔོན་ཞབས་བརྟན་ལྷ་ཁང་དང་། བྱམས་ཆེན་ལྷ་ཁང་། འཇམ་དབྱངས་གཟིམས་ཁང་། གདུགས་དཀར་ལྷ་ཁང་སོགས་ལྷ་ཁང་10ཡི་རིག་དངོས་གཙོ་ཆེའི་གྲས་ཉམས་གསོའི་ལས་ཀ་ལེགས་འགྲུབ་བྱས་པ་དང་། ཉམས་གསོ་ལེགས་འགྲུབ་བྱས་པའི་ལྷ་ཁང་དག་རིམ་བཞིན་མང་ཚོགས་ལ་དངོས་སུ་མཇལ་ཁ་ཞུ་བར་སྒོ་ཕྱེ་ཡོད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་གནས་པའི་བླ་བྲང་བཀྲ་ཤིས་འཁྱིལ་ནི་1982ལོར་རྒྱལ་ཡོངས་ཀྱི་རིག་གནས་ཤུལ་དངོས་རྩ་ཆེན་སྲུང་སྐྱོང་བྱེད་ཡུལ་དུ་གཏན་འཁེལ་བྱས་ཤིང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་སྲུང་སྐྱོང་ལས་གྲྭའི་འགོ་ཁྲིད་ཚོགས་ཆུང་གི་འགན་ཁུར་པ་བསོད་ནམས་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ཉམས་གསོ་ནི"སྔོན་མ་ཇི་མ་ཇི་བཞིན་བསྐྱར་གསོ་"བྱ་རྒྱུའི་རྩ་དོན་གཞིར་བཟུང་ནས་ལྷ་ཁང་གི་བཟོ་བཀོད་གཙོ་བོ་དང་། རིག་དངོས་ལྡེབས་རིས། བཀྲག་རྩི་ཚོན་རིས་སོགས་ལ་སྲུང་སྐྱོང་རང་བཞིན་གྱི་ཉམས་གསོ་བྱས་ཡོད་ཅིང་། དེ་ནི་བླ་བྲང་བཀྲ་ཤིས་འཁྱིལ་བཏབ་ནས་ལོ་ངོ་300ལྷག་གི་རིང་ལ་གཞི་རྒྱ་ཆེ་བའི་ཉམས་གསོ་ཐེངས་དང་པོ་བྱས་པ་རེད།
    ༄༅།།'འཛམ་གླིང་གི་བོད་རིག་པ་སློབ་གླིང་'བླ་བྲང་བཀྲ་ཤིས་འཁྱིལ་དུ་ལོ་བཞིའི་རིང་ལྷ་
ཁང་10ཉམས་གསོ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།