འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་“4•25”ཡི་ས་ཡོམ་བྱུང་བའི་རྗེས་ཉིན་600རིང་བསྐྱར་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་15ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་སུ་“4•25”ཡི་ས་ཡོམ་བྱུང་བའི་རྗེས་ཉིན་600རིང་བསྐྱར་སྐྲུན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན་ནི་བོད་ལྗོངས་སུ་“4•25”ཡི་ས་ཡོམ་བྱུང་རྗེས་བསྐྱར་སྐྲུན་བྱེད་འགོ་བརྩམས་ནས་ཉིན་600འདས་པའི་ཉིན་མོ་རེད། 2015ལོ་“4•25”ཡི་ས་ཡོམ་གྱི་ཡོམ་རླབས་དྲག་པོ་བོད་ལྗོངས་ཀྱི་རྫོང་10ལྷག་ལ་ཁྱབ་ནས་མི་གྲངས་ཁྲི་30ལྷག་ཙམ་ལ་གནོད་འཚེ་བཟོས་ཡོད་པ་མ་ཟད། དུད་ཚང་ཁྲི་4ལྷག་ཙམ་གྱི་སྡོད་ཁང་ལའང་གཏོར་སྐྱོན་ཕོག་ཡོད། ཉེ་སྔོན་གསར་འགོད་པ་ས་ཡོམ་གྱི་གནོད་སྐྱོན་ཆེན་པོ་བྱུང་བའི་བོད་ལྗོངས་སྐྱིད་གྲོང་རྫོང་དང་གཉའ་ལམ་རྫོང་། གཏིང་སྐྱེས་རྫོང་། དིང་རི་རྫོང་སོགས་སུ་བསྐྱོད་དེ་མང་ཚོགས་ཀྱི་སྡོད་ཁང་དང་འགག་སྒོ། སློབ་གྲྭ་སོགས་བསྐྱར་སྐྲུན་བྱས་ཚུལ་བརྙན་ལེན་དང་བཅའ་འདྲི་བྱས་པ་རེད། ཆ་རྒྱུས་བྱུང་བ་ལྟར་ན། གེགས་བར་བྱུང་བའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་བྱེད་སྟངས་ནི་གྲོང་སྡེ་ཡོངས་སུ་སྤེལ་བ་དང་གཞན་ཡུལ་དུ་སྤོ་བ། ཐར་ཐོར་བསྐྱར་སྐྲུན། ཉམས་གསོ་བརྟན་གཏོང་། ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བཅས་གཙོ་བོར་བཟུང་ནས་སྤེལ་བ་རེད། བསྐྱར་སྐྲུན་གྱི་རྣམ་པ་མང་ཆེ་བ་ནི་གྲོང་སྡེ་ཡོངས་སུ་སྤེལ་བ་ཡིན་ཏེ། གཏོར་སྐྱོན་ཕོག་པའི་སྡོད་ཁང་ཁུལ་གྱི་ཉེ་འཁོར་དུ་གནས་གཞི་གསར་པ་བདམས་ཏེ་སྡོད་ཁང་གསར་པ་དང་ཁོངས་གཏོགས་ཀྱི་སྒྲིག་བཀོད་གསར་པ་བསྐྲུན་པ་རེད། ལོ་གཉིས་རིང་ལ་ཛ་དྲག་སྒོ་ནས་ལས་གྲྭ་བསྒྲུབས་པ་བརྒྱུད། གནོད་སྐྱོན་བྱུང་བའི་རྫོང་ཁུལ་གྱི་སྡོད་ཁང་གསར་པ་ཚང་མ་བསྐྱར་བསྐྲུན་བྱས་ཚར་ཡོད་ཅིང་། ཁོངས་གཏོགས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་པའི་ལས་གྲྭ་གཞན་དག་ནི་སང་ལོའི་དཔྱིད་ཀར་སྤེལ་འགོ་རྩོམ་རྩིས་ཡོད་པ་རེད། གེགས་བར་བྱུང་བའི་རྗེས་ཀྱི་དགུན་ཁ་གཉིས་པར་སླེབས་ཉེའི་དུས་སུ། མི་རིགས་ཁག་གི་གནོད་འཚེ་བྱུང་བའི་མང་ཚོགས་རིམ་པ་བཞིན་དུ་སྡོད་ཁང་གསར་པར་སྤོས་ཏེ་གེགས་བར་བྱུང་ནས་ཉིན་600འདས་པའི་འཚོ་བ་གསར་པའི་སྔུན་བསུས་པ་རེད། 
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།བོད་ལྗོངས་སུ་“4•25”ཡི་ས་ཡོམ་བྱུང་བའི་རྗེས་ཉིན་600རིང་བསྐྱར་སྐྲུན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།