འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེ་དང་དབྱིན་ཇིས་གོ་མཚོན་ཞིབ་འཇུག་གསར་སྤེལ་མཉམ་ལས་གྲོས་མཐུན་མང་དག་
    ཅིག་ལ་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་16ཉིན་ཧྥ་རན་སེའི་རྒྱལ་སྲུང་པུས་གསར་འགྱུར་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་ནས་ཚེས་15ཉིན་ཧྥ་རན་སེ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཕ་རི་སིར་གོ་མཚོན་ཞིབ་འཇུག་གསར་སྤེལ་མཉམ་ལས་གྲོས་མཐུན་མང་དག་ཅིག་ལ་མིང་རྟགས་བཀོད་པས། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་ལས་དོན་མཉམ་ལས་ལ་འཕེལ་རིམ་ཆེན་པོ་ཡོང་རྒྱུ་རེད་ཅེས་བཤད་པ་རེད།
         སྤྱི་བསྒྲགས་གཞིར་བཟུང་། རྒྱལ་ཁབ་གཉིས་ཀྱིས་སང་ལོའི་ལོ་མཇུག་ཏུ་མི་མེད་འཐབ་འཛིང་གནམ་གྲུ་གསར་གྲས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་ཞིབ་འཇུག་གི་དུས་མཚམས་གསར་པ་ཞིག་འགོ་འཛུགས་རྒྱུ་དང་། དུས་མཚམས་དེ་དུས་ཡུན་ལོ་གཅིག་ཡིན་པ་དང་དེའི་དམིགས་ཡུལ་ནི་མི་མེད་འཐབ་འཛིང་གནམ་གྲུ་གསར་གྲས་ཀྱི་ཇུས་འགོད་བསམ་གཞི་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་རེད།
         ཧྥ་རན་སེའི་རྒྱལ་སྲུང་པུའི་དཔྱད་གཞིའི་ཡིག་རིགས་ལྟར་ན། ཧྥ་རན་སེ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་2010ལོར་འབྲེལ་ཡོད་གྲོས་མཐུན་ལ་མིང་རྟགས་བཀོད་དེ་འགོག་སྲུང་ཁྱབ་ཁོངས་མཉམ་ལས་སྔར་བས་རྒྱ་ཆེ་དང་གཏིང་ཟབ་ཏུ་བཏང་ཡོད། རྒྱལ་ཁབ་གཉིས་ཀྱིས་2025ལོར་སླེབས་སྐབས་མི་མེད་འཐབ་འཛིང་གནམ་གྲུ་གསར་གྲས་ཀྱི་མ་དཔེ་ཞིབ་འཇུག་གསར་སྤེལ་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།