འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མི་48བསྡད་པའི་ཕ་ཁི་སི་ཐན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་བ།

    ཀྲུང་གོའི་སྤྱི་དམངས་ཤིག་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མི་48བསྡད་པའི་ཕ་ཁི་སི་ཐན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་བ།
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་སྨྱན་སྦྱོར་གྱི་འཕྲིན་གསར་ལྟར་ན། མི་48བསྡད་པའི་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་ཟླ་12ཚེས་7ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་དེའི་ནུབ་བྱང་ཁུལ་གྱི་ཁེ་པོར་—ཕུའུ་ཧྲི་ཐུའུ་ཞིང་ཆེན་ཅི་ཏེ་ལར་གྲོང་ཁྱེར་ནས་རྒྱལ་ས་དབྱི་སི་ལམ་པོར་འཕུར་བའི་ལམ་བར་དུ་སར་ལྷུང་ནས་ཐོར་བ་རེད། གསར་འགོད་པས་གསར་འགྱུར་བསྐུར་བའི་བར་དུ། མྱུར་སྐྱོབ་ཏུ་ཞུགས་པའི་ཕ་ཁི་སི་ཐན་གྱི་དམག་ཕྱོགས་ཀྱིས་ཡུལ་དངོས་སུ་འདས་པོའི་བེམ་པོ་36རྙེད་ཡོད་པ་རེད། ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་7ཉིན་ཀྲུང་གོའི་སྤྱི་དམངས་སྐྱེས་པ་ཞིག་ཆག་སྒོ་འདིའི་ཁྲོད་དུ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་བདེན་དཔང་བྱས་འདུག
         ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་མགྲིན་ཚབ་པ་ཅི་ལཱ་ཉི་ཡིས་ཚེས་7ཉིན་གསལ་བསྒྲགས་བྱས་དོན། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་5ཡས་མས་སུ། ཀུང་སི་དེའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཁེ་པོར་—ཕུའུ་ཧྲི་ཐུའུ་ཞིང་ཆེན་ཨ་པོ་ཐཱ་པཱ་ཏེ་ས་ཁུལ་གྱི་ཧོ་ཝེ་ལི་དབྱང་གྲོང་རྡལ་ཉེ་འགྲམ་གྱི་རི་ཁུལ་དུ་ལྷུངས་ནས་ཐོར་བ་རེད། གནམ་གྲུའི་ནང་དུ་འགྲུལ་པ་42དང་གནམ་གྲུའི་ལས་དོན་མི་སྣ་5 ས་ངོས་ཀྱི་བཟོ་སྐྲུན་ཆེན་མོ་བ་1བཅས་ཡོད་པ་རེད། ཆག་སྒོའི་མྱུར་སྐྱོབ་ལས་དོན་སྤེལ་བཞིན་ཡོད་ལ་ཕ་ཁི་སི་ཐན་གྱི་མཁའ་འགྲུལ་ཕྱོགས་ཀྱིས་ཀྱང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཆ་རྒྱུས་ལེན་བཞིན་ཡོད་པ་རེད།
         ཆག་སྒོ་བྱུང་རྗེས་སུ་ཕ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡི་བཀའ་ལྟར་འབྲེལ་ཡོད་སྡེ་ཁག་དང་མི་སྣ་མྱུར་དུ་ཡུལ་དངོས་སུ་མྱུར་སྐྱོབ་བྱེད་པར་འབྱོར་ཡོད་པ་རེད། ཕ་ཁི་སི་ཐན་གྱི་སྐམ་མཚོ་མཁའ་གསུམ་དམག་དཔུང་གི་སྤྱི་འབྲེལ་པུའུ་ཡིས། ཕ་ཁི་སི་ཐན་གྱི་དམག་ཕྱོགས་ཀྱིས་ཀྱང་དམག་དཔུང་དང་ཐད་འཕུར་གནམ་གྲུ་ཡུལ་དངོས་སུ་མངགས་གཏོང་བྱས་ཏེ་འཚོལ་སྐྱོབ་ལས་ཀར་ཞུགས་སུ་བཅུག་ཡོད་ཟེར། 
         འོན་ཀྱང་གནས་འཕྲིན་སྤེལ་བ་ལྟར་ན། གནམ་གྲུ་ལྷུང་ཡུལ་ནི་རི་ཁུལ་ཡིན་པས་མྱུར་སྐྱོབ་རླངས་འཁོར་ཆག་སྒོ་བྱུང་ཡུལ་དངོས་ལ་གཏོང་མི་ཐུབ་པ་དང་། ཆག་སྒོ་བྱུང་ཡུལ་དངོས་ནི་ས་བབ་མི་སྙོམས་པ་དང་ས་རུབ་ནས་དྲོད་ཚད་ཀྱང་ཆག་པ་སོགས་ཀྱི་དབང་གིས་མྱུར་སྐྱོབ་ལས་ཀར་འགོག་ཆེན་འཕྲད་ཡོད་འདུག
    【1】  【2】  【3】  【4】  【5】
    ༄༅།།མི་48བསྡད་པའི་ཕ་ཁི་སི་ཐན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་བ།
      

    ཕྱོགས་བསྡུས་གསར་འགྱུར།