འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ལོ་འཁོར་གྱི་རི་པིན་གྱི་ཅིང་ཏུའུ་བྱ་དགའ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  2016ལོའི་ལོ་འཁོར་གྱི་རི་པིན་གྱི་སྐད་གྲགས་ཆེ་བའི་ཚན་རྩལ་དང་རིག་རྩལ་གྱི་གྲུབ་འབྲས་བྱ་དགའ་སྟེ་ཅིང་ཏུའུ་བྱ་དགའ་དེ་ཉེ་ཆར་ཁྱབ་བསྒྲགས་བྱས་ཤིང་། ཨ་རིའི་ཁ་ནེ་ཅི—མེ་ལུང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཅིན་ཁྲུའུ་ཝུའུ་ཞུང་དང་། རི་པིན་གྱི་ཅིང་ཏུའུ་སློབ་ཆེན་གྱི་དགེ་རྒན་ཆེ་བ་མོ་པེན་ཀྲེ་ཡོའུ། ཨ་རིའི་ཀྲི་ཅ་ཀོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མ་ཧྲ·ནུའོ་སི་པའོ་མུའུ་བཅས་སོ་སོར་ཐོབ་པའི་གྲུབ་འབྲས་ལ་བྱ་དགའ་ཐོབ་པ་རེད།
         ཉེ་ཆརབྱ་དགའ་དེ་བཙུགས་མཁན་ཏའོ་ཧྲེང་འབྱོར་ཆེན་ཚོགས་པའི་ཚོགས་གཙོ་ཅིང་ཚུན་ཡུས་ཧྥུའུ་ཡིས་རྒྱལ་བཙུགས་ཅིང་ཏུའུ་རྒྱལ་སྤྱིའི་འགྲེམས་ཁང་དུ་བྱ་དགའ་ཐོབ་མཁན་3ལ་སོ་སོར་གཟི་བརྗིད་མཚན་སྙན་གྱི་དཔང་ཡིག་དང་། གཟེངས་རྟགས། རི་པིན་གྱི་སྒོར་མོ་ཁྲི་5000(ཧ་ལམ་ཨ་སྒོར་ཁྲི་47.2ཙམ་ཡིན་)གི་བྱ་དགའི་དངུལ་བཅས་སྤྲད་པ་རེད།
         ཅིང་ཏུའུ་བྱ་དགའ་ནི་རི་པིན་གྱི་རྒྱལ་སྤྱིའི་རང་བཞིན་གྱི་བྱ་དགའ་ཆེན་པོ་ཞིག་ཡིན་པ་དང“ལག་རྩལ་རྩེ་གྲས”དང་། “རྨང་གཞིའི་ཚན་རིག”“བསམ་བློ་དང་སྒྱུ་རྩལ”བཅས་རིགས་གསུམ་དུ་དབྱེ་ཡོད་ཅིང་། ལོ་རེའི་ཟླ་11པར་ཐེངས་རེ་སྤྲོད་ཀྱི་ཡོད་པ་དང་1984ལོར་བཙུགས་ཚུན་བྱ་དགའ་སྤྲོད་པའི་འདུ་ཚོགས་སྐབས་32གཉེར་ཡོད་པ་རེད།
         ད་ལོ་ལོ་ན་71ལ་སླེབས་པའི་ཚན་རིག་མཁས་ཅན་ཅིན་ཁྲུའུ་ཝུའུ་ཞུང་ལ་ད་ལོའི་ལག་རྩལ་རྩེ་གྲའི་བྱ་དགའ་ཐོབ། ད་ལོ་ལོ་ན་74ལ་སླེབས་པའི་པེན་ཀྲེ་ཡོའུ་ལ་ལོ་འཁོར་འདིའི་རྨང་གཞིའི་ཚན་རིག་གི་བྱ་དགའ་ཐོབ། ད་ལོ་ལོ་ན་69ལ་སླེབས་པའི་མཚན་ཉིད་རིག་པ་མཁས་ཅན་ནུའོ་སི་པའོ་མུའུ་ལ་ཐུན་མོང་མིན་པའི“དྲང་བདེན་སྨྲ་བ”བཏོན་པས་བསམ་བློ་དང་སྒྱུ་རྩལ་གྱི་བྱ་དགའ་ཐོབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།